འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་16ཉིན།

༄༅༎སི་ཁྲོན་གྱིས་ལས་གནས་ཁྲི་80ལྷག་ཙམ་མཁོ་འདོན་བྱས་ནས་ལས་ཞུགས་ཁྲོམ་ར་བརྟན་པོ་ཡོང་བ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་གྱིས་ཉེ་ཆར་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་ལྷག་པར་དུ་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ཞིང་ཆེན་ཡོངས་སུ“དཔྱིད་རླུང་བྱ་སྤྱོད”སྤེལ་ནས་གཅིག་སྡུད་ཐོག་ལས་གནས་མཁོ་འདོན་བྱས་ཏེ་ལས་ཞུགས་བརྟན་པོ་ཡོང་བ་བྱས་པ་དང་། ས་ཁུལ་ཁག་གིས་ཆེད་དོན་གདན་ཞུའི་ཚོགས་འདུ་ཆེ་གྲས་ཁག་800ལྷག་ཙམ་འཚོགས་ཤིང་། སྔོན་དཔག་བྱས་ན་ལས་གནས་ཁྲི་80ལྷག་ཙམ་མཁོ་འདོན་ཐུབ་རྒྱུ་ཡིན་པ་དང་ད་རེས་ཀྱི“དཔྱིད་རླུང་བྱ་སྤྱོད”ཟླ་གཅིག་རྒྱུན་མཐུད་རྒྱུ་རེད།
     སི་ཁྲོན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར། ཉེ་ཆར་ནན་ཁྲུང་དང་། སུའེ་ཉིང་། ལེ་ཧྲན། ནེ་ཅང་སོགས་ངལ་ནུས་ཕྱིར་གཏོང་གི་གྲོང་ཁྱེར་ཆེ་ཁག་ཏུ“དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ཡོད། ས་ཁུལ་ཁག་གིས་རྩལ་ནུས་གསོ་སྦྱོང་དང་དེ་བཞིན་ལས་གཏོད་གསོ་སྦྱོང་འཛིན་གྲྭ་ཁག་3000སྒྲིག་འཛུགས་བྱ་རྒྱུ་དང་སྔོན་དཔག་བྱས་ན་མི་ཁྲི་10གསོ་སྦྱོང་ཐུབ་རྒྱུ་ཡིན་པ་རེད།
     འདི་ལོ་སི་ཁྲོན་གྱིས་རེས་སྐོར་གསར་པའི་ལས་ཞུགས་དབུལ་སྐྱོར་གྱི་བྱ་ཐབས་ཁག་15དོན་འཁྱོལ་ཡག་པོ་བྱས་ནས་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་གནས་དེ་རང་དང་ཉེ་འགྲམ་དུ་ལས་ཞུགས་དང་། སྒྲིག་འཛུགས་ལྡན་པའི་ངང་ལས་ཞུགས་གཞན་སྒྱུར། རང་བརྟེན་ལས་གཏོད་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ངལ་རྩོལ་ནུས་ཤུགས་ལྡན་པའི་ཁྱིམ་ཚང་དབུལ་པོའི་མི་གཅིག་ཉུང་མཐར་ཡང་ལས་ཞུགས་ཐུབ་པ་བྱས་ནས“མི་གཅིག་ལས་ཞུགས་ཐུབ་པ་ལས་ཁྱིམ་ཚང་ཡོངས་དབུལ་སྒྲོལ”ཐུབ་རྒྱུའི་འགན་ལེན་བྱས་ཡོད། སི་ཁྲོན་གྱིས་ལོ་ཧྲིལ་པོར་སྔོན་དཔག་བྱས་ན་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་བྱེད་ཚད་མི་ཁྲི་100ཡན་ཟིན་རྒྱུ་དང་ལས་ཞུགས་དབུལ་སྐྱོར་གྱི་གསོ་སྦྱོང་ནང་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཁྲི་10ཡན་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཡོད་པ་རེད།