འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་16ཉིན།

༄༅༎2019ལོར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་འོས་འགུགས་ཟམ་ཕུག་ལས་གྲྭ་བཅུ་ཆ་དགུ་ལེགས་སྒྲུབ་
བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་13ཉིན་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་པིང་ཤོན་གྱིས་གྲོང་ཁྱེར་ཝན་ན་དུ་2019ལོ་ནི་ཀྲུང་ལོ་ལྕགས་ལམ་གྱི་འཛུགས་སྐྲུན་ལས་གྲྭའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་ཡིན། འོས་འགུགས་ལྕགས་ལམ་གྱི་ཟམ་ཕུག་ལས་གྲྭ་བཅུ་ཆ་དགུ་ཡན་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     ཀྲུང་ལོ་ལྕགས་ལམ་གྱི་2019ལོའི་ལོ་འཁོར་གྱི་འཛུགས་སྐྲུན་ལས་དོན་ཚོགས་འདུ་དེ་ཚེས་13ཉིན་གྲོང་ཁྱེར་ཝན་ཐེན་དུ་འཚོགས་པ་རེད། ལི་པིང་ཤོན་གྱིས་ཚོགས་འདུའི་ཐོག་2019ལོ་ནི་ཀྲུང་ལོ་ལྕགས་ལམ་གྱི་འཛུགས་སྐྲུན་ལས་གྲྭའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་ཡིན། ལོ་འདིར་ཀྲུང་ལོའི་ལྕགས་ལམ་འཛུགས་སྐྲུན་ལ་མུ་མཐུད་སྤུས་ལེགས་དང་ལས་ཕྱོད་ཆེ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ། ལམ་གཞི་དང་ཟམ་པའི་ལས་གྲྭའི་འཆར་གཞི་ལྟར་འོས་འགུགས་ལས་གྲྭའི་95%ལེགས་སྒྲུབ་བྱ་རྒྱུ་དང་། ཕུག་ལམ་ལས་གྲྭས་འོས་འགུགས་ལས་གྲྭའི་90%ལེགས་སྒྲུབ་བྱ་རྒྱུ། ལམ་འདིང་རྟེན་གཞི་དང་བབས་ཚུགས་ཀྱི་སྡོད་ཁང་ལས་གྲྭ་སོགས་ཕྱོགས་ཡོངས་ནས་ལས་འགོ་འཛུགས་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།