འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་16ཉིན།

༄༅༎ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་འགྲེམས་སྟོན་
ཨེ་ཅིབ་ཏུ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་འགྲེམས་སྟོན་ཉིན་ཤས་གོང་ཁེ་རོའི་ཟློས་གར་ཁང་དུ་བྱས་ཤིང་། འགྲེམས་སྟོན་ནང་རྩ་ཆེའི་པར་རིས་དཔྱད་ཡིག་འགྲེམས་སྟོན་བྱས་ཏེ་ཀྲུང་ཕྱིའི་དམངས་ཚོགས་ཚོས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་བརྗེད་པར་དཀའ་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱས་པ་དང་འབྲེལ་ཀྲུང་གོ་དང་འཛམ་གླིང་མཉམ་དུ་ལག་གདང་སྦྲེལ་ནས་འཕེལ་རྒྱས་འགྲོ་བའི་མདུན་ལྗོངས་བཟང་པོར་རྒྱང་ལྟ་བྱས་ཡོད།
     ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུང་ཨེ་གོ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་སྒོ་རྒྱག་དང་ཕྱེད་སྒོ་རྒྱག་ནས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀུན་གྱིས་ཁས་ལེན་བྱེད་པའི་འཛམ་གླིང་གི་ཞི་བདེ་བསྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་སུ་གྱུར་ཡོད་ཅེས་གསུངས།
     ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་ཨའེ་ས་མུའུ·ཤེ་ལཱ་ཕུའུ་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས་ཤིང་། ཁོང་གི་ཤིས་ཚིག་ནང་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ནང་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། འཛམ་གླིང་ཡོངས་ཀྱང་སྲིད་ཇུས་གྲུབ་འབྲས་དེའི་ནང་ཕན་པ་ཐོབ་མཁན་དུ་འགྱུར་ཡོད། དེའི་ལོ་རྒྱུས་དང་། གྲུབ་འབྲས། ཉམས་མྱོང་བཅས་ལ་ཕྱིར་དྲན་བྱེད་སྐབས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བཤད།