འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎གཞན་ཡུལ་དུ་ལོ་གསར་བཏང་ནས་རྒྱ་བོད་དབར་གྱི་བརྩེ་སེམས་མཚོན་པར་བྱས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་13ལ་སླེབས་པའི་འོད་ལྡན་འདི་ལོ་ཅི་ནན་དུ་ལོ་གསར་གཏོང་ཐེངས་དང་པོ་ཡིན་པ་མ་ཟད། ལོ་གསར་ཁག་ཐེངས་གཉིས་བཏང་།
     འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བ་དང་། དུས་ཆེན་གཉིས་དུས་གཅིག་ལ་འཁེལ་བས་འོད་ལྡན་དགའ་སྤྲོས་རབ་ཏུ་མྱོས།
     ཕ་མ་གཉིས་ཀྱིས་ཚགས་ཤ་སྐམ་པོ་དང་། གྲོ་མ། མར། ཕྱུར་བ་སོགས་ལོ་གསར་གྱི་ཉེར་མཁོ་འཁྱེར་ཏེ་ལྷ་ས་ནས་ཅི་ནན་དུ་རང་ཉིད་ཀྱི་ཕྲུ་གུ་དང་མཉམ་དུ་ལོ་གསར་གཏོང་བར་ཡོང་། བོད་དུ་ལོ་གསར་ཐེངས་བཅུ་ལྷག་ཙམ་གཏོང་མྱོང་བའི་ལྷ་སའི་ཕྲུ་གུ་དེས་འདི་ལོ་ཅི་ནན་གྱི་གྲོང་མི་ཝང་ཧུང་ཡན་གྱི་ཁྱིམ་དུ་མི་ཚེའི་ནང་གི་དཔྱིད་གསར་དུས་ཆེན་ཐེངས་དང་པོ་དེ་བཏང་བ་དང་འབྲེལ་གཞན་ཡུལ་དུ་བརྗེད་པར་དཀའ་བའི་མཛའ་གྲོགས་ཤིག་བསྒྲིགས།
     དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཅི་ནན་སློབ་འབྲིང་དྲུག་ཅུ་རེ་བརྒྱད་པར་སློབ་སྦྱོང་བྱེད་བཞིན་ཡོད་པའི་ཝང་ཧུང་ཡན་གྱི་བུ་ལི་ཐན་རུན་གྱིས་སློབ་གྲྭས་ཅི་ནན་བོད་ལྗོངས་སློབ་འབྲིང་དང་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་བོད་རིགས་ཀྱི་སློབ་མ་རྒྱ་རིགས་ཁྱིམ་ཚང་དུ་ཆ་སྒྲིག་ལོ་གསར་གཏོང་རྒྱུའི་གྲ་སྒྲིག་བྱེད་པའི་སྐོར་ཕ་མ་གཉིས་ལ་བཤད་པར་ཁོང་གཉིས་ཀྱི་རྒྱབ་སྐྱོར་ཐོབ།
     འོད་ལྡན་དང་གང་འདྲ་བྱས་ནས་ངོ་ཤེས་མིན་སྐོར་གླེང་སྐབས་ཝང་ཧུང་ཡན་གྱིས“བོད་ལྗོངས་སློབ་འབྲིང་གི་རྒྱ་བོད་ཁྱིམ་ཚང་དབར་གྱི་ཆ་སྒྲིག་མཛད་སྒོའི་ཐོག་བོད་རིགས་ཀྱི་བུ་གཉིས་ཀྱིས་རང་འགུལ་ངང་ངར་ལམ་བསྟན་བྱུང་། ཆ་སྒྲིག་ཚར་རྗེས་འོད་ལྡན་ནི་ཕྲུ་གུ་དེ་གཉིས་ཁྲོད་ནས་གཅིག་རེད་འདུག”ཅེས་གད་མོ་དགོད་བཞིན་བརྗོད།
     གནམ་གང་ཉིན་གཟབ་མཆོར་སྤྲས་པའི་འོད་ལྡན་ཝང་ཧུང་ཡན་གྱི་ཁྱིམ་དུ་ཡོང་བ་དང་འབྲེལ་ནང་མི་ཚོར་ཁ་བཏགས་གཡོགས། ལི་ཐན་རུན་གྱིས་ས་ཁེ་སི་རོལ་ཆ་འཁྱེར་ནས་རྒྱང་རིང་ནས་ཡོང་བའི་མགྲོན་པོར《པེ་ཅིང་གསེར་གྱི་རི་ལ》དང《མཚོ་བོད་ས་མཐོ》སོགས་ཀྱི་རོལ་མོ་དཀྲོལ་བ་རེད། གླེང་མོལ་ཡུད་ཙམ་བྱས་རྗེས་ཚང་མས་ཕན་ཚུན་སྐད་འཕྲིན་སྣོན་རེས་བྱས་པ་དང་། མཉམ་དུ་དཔྱིད་གསར་ཆ་ཡིག་སྦྱར་བ་དང་། མོག་མོག་བཙོ་བ། ལོ་གསར་གྱི་ཐུད་ཟས་བཟོ་བ་བཅས་བྱས།
     འོད་ལྡན་ལ་མྱོང་ཚོར་ཟབ་ཤོས་ནི་ལོ་གསར་གནམ་གང་གི་ཁ་ལག་བཟོ་རྒྱུ་དེ་ཡིན་པ་དང་། ལྷག་པར་དུ་ཆུ་མོག་བཟོ་རྒྱུ་དེ་རེད། དེ་ནི་ང་སྐྱེས་པ་ནས་ད་བར་ཆུ་མོག་བཟོ་ཐེངས་དང་པོ་དེ་ཡིན་ཞེས་འོད་ལྡན་གྱིས་བརྗོད།
     བཙོས་མ་ཐག་པའི་ཕག་ཤ་དང་པད་ཚལ་བླུགས་པའི་ཅའོ་ཙེ་བཟའ་བཞིན་འོད་ལྡན་གྱིས་ཕ་མ་གཉིས་དང་བརྙན་ལམ་འབྲེལ་མཐུད་བྱས་པ་དང་། འོད་ལྡན་གྱི་ཨ་མ་མཚམས་གཅོད་ཀྱིས་ཝང་ཧུང་ཡན་གྱི་ནང་མིར་ཐུགས་རྗེ་ཆེ་ཞེས་བརྗོད་པ་དང་འབྲེལ་ལོ་གསར་གྱི་སྨོན་འདུན་ཡང་ཞུས།
     ས་རུབ་པ་དང་གློག་སྒྲོན་སྤར་ཞིང་། “རྒྱ་བོད་ཁྱིམ་ཚང་ཆེ་མོ”སྒྲོག་ཙེའི་མདུན་དུ་རུབ་རུབ་བྱས་ཏེ་བོད་གཞས་སྦྱོང་བཞིན་ཁྱིམ་ཚང་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས། འོད་ལྡན་གྱིས་བཤད་པའི་བོད་ཀྱི་གཏམ་རྒྱུད་ཉན་གྱིན་ཝང་ཧུང་ཡན་གྱི་ནང་མི་གངས་ལྗོངས་ས་མཐོར་འགྲོ་འདོད་རབ་ཏུ་སྐྱེས། “གོ་སྐབས་བྱུང་ཚེ་ཡིན་གཅིག་འོད་ལྡན་གྱི་ཕ་ཡུལ་ལྷ་སར་ལྟ་བར་འགྲོ་གི་ཡིན”ཞེས་ཝང་ཧུང་ཡན་གྱིས་བཤད།
     དེ་དང་ཆབས་ཅིག་ཅི་ནན་དུ་འོད་ལྡན་ལ་ལྟ་བར་ཡོང་བའི་ཕ་པ་སངས་ཚེ་རིང་དང་ཨ་མ་མཚམས་གཅོད་ཀྱིས་ཅི་ནན་གྱི་བོགས་གཏོང་ཁང་པའི་ནང་གནམ་གང་གི་ཁ་ལག་བཟོ་བཞིན་བྱི་རིལ་དང་། ཁ་ཟས། ཕྱུར་བ། ཚགས་ཤ་སྐམ་པོ་སོགས་ཀྱི་བཟའ་བཅའ་སྒྲོག་ཙེ་ལྡག་ལྡག་སྒྲིག
     “ཅི་ནན་དུ་ལོ་གསར་གྱི་རྣམ་པ་ཟབ་མོ་འདུག ཉིན་གཉིས་ཀྱི་རྗེས་སུ་འོད་ལྡན་གྱིས་ང་ཚོ་འཁྲིད་ནས་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན”ཞེས་མཚམས་གཅོད་ཀྱིས་བརྗོད་པ་དང་། ཁོང་གིས་ད་དུང་གཉེན་ཉེའི་བུ་མོ་བདེ་སྐྱིད་རྗེས་སུ་ཅི་ནན་དུ་སློབ་གྲྭར་ཡོང་ཐུབ་པ་བྱེད་དགོས་པའི་གྲོས་འགོའང་བཏོན།
     མཉམ་འཛོམས་ཀྱི་དུས་ཚོད་ཧ་ཅང་ཐུང་བ་དང་ཁ་བྲལ་ཁར། ཝང་ཧུང་ཡན་གྱིས་འོད་ལྡན་ལ“རྗེས་སུ་གཟའ་མཇུག་གི་སྐབས་སུ་ནང་ལ་ཤོག ཨ་ཅག་གིས་རང་ལ་ཆུ་མོག་བཟོས་ཆོག”ཅེས་མངགས།
     ལི་ཐན་རུན་གྱིས་ལོ་གསར་གྱི་ཟིན་བྲིས་ནང་བོད་རིགས་སློབ་གྲོགས་ངའི་ནང་དུ་ཡོང་ཐེངས་དང་པོ་ཡིན། ཁོང་ཚོའི་གདོང་ལས་ལྷད་མེད་ཀྱི་འཛུམ་མདངས་འཕྱུར་བཞིན་འདུག འབྱུང་འགྱུར་རང་ཉིད་ཀྱང་ལྷ་སར་བོད་ཀྱི་ལོ་གསར་ཐེངས་གཅིག་མྱོང་རོལ་བྱེད་པར་འགྲོ་ཐུབ་པའི་རེ་བ་ཡོད་ཅེས་བྲིས་ཡོད་པ་རེད།