འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎ཀྲུང་གོ་དང་ཨེར་ལན་གྱི་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་གྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏུ་པོ་ལིན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཨེར་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་གཡོད་ཞའོ་ཡུང་གིས། 2018ལོའི་ཀྲུང་གོ་དང་ཨེར་ལན་གྱི་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་གྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་ཨ་སྒོར་དུང་ཕྱུར་145.06ཟིན་ནས་ལོ་གོང་མ་ལས་31.23%འཕར་ཡོད་ཅེས་བརྗོད།
     ཉེ་ཆར། གཡོད་ཞའོ་ཡུང་གིས་ཨེར་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཉེར་བའི་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨེར་ལན་གྱི་ཚོང་དོན་གྲངས་འབོར་2017ལོར་ཨ་སྒོར་དུང་ཕྱུར་100ནས་ཐེངས་དང་པོ་བརྒལ་རྗེས་མུ་མཐུད་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་ཅེས་བརྗོད།
     ཁོང་གིས། ཨེར་ལན་གྱི་ཚོང་ལས་དང་ཁེ་ལས་དང་གསར་གཏོད་པུའུ་ཀྲང་ཤིས་སེ·ཧན་ཕུ་ལེ་སི་ཡིས་ན་ནིང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲང་ཧའེ་རུ་གཉེར་བའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་པ་དང་འབྲེལ། ཀྲུང་གོ་དབར་གྱི་ཚོང་དོན་གན་རྒྱར་མིང་རྟགས་ཀྱང་བཀོད་པ་རེད། ཨེར་ལན་གྱི་ཁེ་ལས་དང་ལས་རིགས་ཁག་གི་གྲོགས་པོ་དེ་བས་མང་བ་ཀྲུང་གོ་དབར་གྱི་མཉམ་ལས་ལ་ཞུགས་རྒྱུའི་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད།
     གཡོད་ཞའོ་ཡུང་གིས། 2019ལོ་ནི་ཀྲུང་གོ་དང་ཨེར་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་ལོ་ཡིན་པས། ཀྲུང་གོ་དང་ཨེར་ལན་ལས་རིགས་ཁག་གི་མི་སྣ་ཚོས་གོ་སྐབས་དམ་འཛིན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཡིད་ཆེས་བྱེད་ཤུགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བརྗོད།