འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎“འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་དམག་དཔུང”གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་
མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་ཚོགས་པས་ཐུན་མོང་ཐོག་གཉེར་བའི“འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་དམག་དཔུང”གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཉེ་ཆར་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ་རེད།
     འགྲེམས་སྟོན་དེ“མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ཞུགས་པ”དང་། “རྒྱལ་སྤྱིའི་མཚོ་ཐོག་བགྲོད་ལམ་གྱི་བདེ་འཇགས་སྲུང་སྐྱོང” “རྒྱལ་སྤྱིའི་རོགས་སྐྱོབ་རོགས་སྐྱོར” “བདེ་འཇགས་ཀྱི་སྤེལ་རེས་མཉམ་ལས”བཅས་ཆ་ཤས་བཞི་ལས་གྲུབ་ཡོད། འགྲེམས་པང་17དང་། པར་རིས་60ལྷག་ཙམ། འགུལ་སྐྱོད་རྒྱ་ཡིག་དང་དབྱིན་ཡིག་གཉིས་ལྡན་གྱི་བརྙན་ཐུང་བཅས་ལས་ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱས་པའི་སྐོར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་དང་། ཀྲུང་གོའི་དམག་མིས་ཞི་བདེར་དགའ་ཞེན་དང་འགན་འཁུར་ཕོད་ལུགས་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་པ། ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་ལ་ཕྱོགས་པའི་ལྷག་བསམ་ཟོལ་མེད་དང་དགེ་བའི་བསམ་པ་མཚོན་པ་བཅས་བྱས་ཡོད།
     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་མཱ་ཀྲའོ་ཤུས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཧ་ལེ། བཅིངས་འགྲོལ་དམག་རྒྱལ་སྤྱིའི་བརྒྱུད་སྤེལ་སྐུ་ཚབ་ཚོགས་པའི་ཚོགས་གཙོ་མའོ་ནེ་གོ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་བསྒྲོན་པ་རེད།
     ད་ཐེངས་ཀྱི་འགྲེམས་སྟོན་ཟླ་2ཚེས་22ཉིན་བར་གཉེར་མཁན་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔོན་རིགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོགས་པའི་དཔོན་རིགས་སོགས་མི་200ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།