འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་14ཉིན།

༄༅༎ཉིན་7རིང་རྒྱལ་ཁབ་དཔེ་མཛོད་ཁང་དུ་སྐྱོད་མཁན་མི་གྲངས་ཁྲི་12ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་14ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་དཔྱིད་གསར་དུས་ཆེན་རིང་། སྤྱི་ཚོགས་ཀྱི་མང་ཚོགས་དེ་བས་མང་བས་རྒྱལ་ཁབ་དཔེ་མཛོད་ཁང་དུ་འགྲོ་རྒྱུའི་གདམ་ག་བྱས་ཤིང་། ཀློག་པ་པོ་འགའ་ཞིག་གིས་དེ་གར་དཔེ་དེབ་ལྟ་ཀློག་བྱས་ནས་ཤེས་རྒྱ་ཆེ་རུ་གཏོང་བ་ཕུད། མང་ཚོགས་མང་པོ་ཞིག་གིས་ཀྱང་ནང་མི་ཚང་མ་ཁྲིད་དེ་རྒྱལ་ཁབ་གནའ་གཞུང་རྟེན་རྫས་བཤམས་མཛོད་ཁང་དང་རྒྱལ་ཁབ་དཔེ་རིས་སྒྱུ་རྩལ་ལྟེ་གནས་སུ་བསྐྱོད་དེ་འགྲེམས་སྟོན་རྩེ་གྲས་ལ་བལྟས་པ་དང་ལྟད་མོ་ཆེ་བའི་འཁྲབ་སྟོན་ལ་རོལ་བ་སོགས་ཀྱི་རྣམ་པ་བརྒྱུད་དམིགས་གསལ་ཁྱད་ཆོས་ལྡན་པའི་དཔེ་ཀློག་གི་གུང་གསེང་ཉིན་མོ་བསྐྱལ་བ་རེད། རགས་རྩིས་ལྟར་ན། གནམ་གང་ནས་ཚེས་དྲུག་ཉིན་བར་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཡོང་མཁན་མི་གྲངས་ཁྲི་12ལས་བརྒལ་བ་དེ་2018ལོའི་དཔྱིད་གསལ་དུས་ཆེན་རིང་གི་མི་གྲངས་ཁྲི་5ལྷག་ཙམ་དང་བསྡུར་ན་140%འཕར་ཡོད། 
     རྒྱལ་ཁབ་གནའ་གཞུང་རྟེན་རྫས་བཤམས་མཛོད་ཁང་དུ་སྲོལ་རྒྱུན་གྱི་ལོ་གསར་གཏོང་སྲོལ་གླེང་བའི“དཔྱིད་བསུའི་སྨོན་ལམ-ཝུའུ་ཆང་གི་ལོ་གསར་རི་མོའི་ཆེད་དོན་འགྲེམས་སྟོན”ལ་རྒན་དར་གཞོན་གསུམ་གྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། འགྲེམས་སྟོན་དེ་2019ལོའི་ཟླ་1ཚེས་31ཉིན་ནས་སྤེལ་འགོ་ཚུགས་ཚུན་ད་བར་རིམ་རྩིས་བྱས་ན་ལྟ་སྐོར་ལ་སྐྱོད་མཁན་མི་གྲངས་ཁྲི་2ལས་བརྒལ་ཡོད།