འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་14ཉིན།

༄༅༎པག་ཧས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དོ་རར་རྟོག་ཞིབ་གནང་བ། 

ཀྲུང་གོའི་ལས་ཕྱོད་ལ་བསྔགས་བརྗོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་14ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་པག་ཧ(གཡས)ཡིས་གངས་ཤུད་གློད་བཞིན་པའི་ཕྲུ་གུར་ལག་པ་གཏོང་བཞིན་པ།
འདི་ནི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་པག་ཧ(གཡས)ཡིས་གངས་ཤུད་གློད་བཞིན་པའི་ཕྲུ་གུར་ལག་པ་གཏོང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པག་ཧས་ཉིན་ཤས་གོང་། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁ་གྲོང་ཁྱེར་དང་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་སུ་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་གྲ་སྒྲིག་འཕེལ་རིམ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཕྱོགས་ཡོངས་དང་ཞིབ་ཚགས་པའི་འཆར་འགོད་ལ་བརྟེན་ནས་ལས་དོན་ཁག་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་པའི་ཀྲུང་གོའི་ལས་ཕྱོད་ལ་བསྔགས་བརྗོད་གནང་བ་རེད།
     ད་ཐེངས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲང་ཅ་ཁ་དང་ཡན་ཆིང་འགྲན་ཁུལ་གྱི་རྟོག་ཞིབ་ཚོགས་པའི་སྟོབས་ཤུགས་ཆེ་རུ་བཏང་ཡོད་ཅིང་། པག་ཧ་ཕུད་ད་དུང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཐུན་སྦྱོར་ཨུ་ལྷན་གྱི་ཀྲུའུ་ཞི་ཧུ་ཨན·ཨན·ས་མཱ་ལན་ཆི་དང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཚའེ་ཆིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨུ་ཡོན་ལི་ལིང་ཝེ་དང་ཀྲང་ཧུང་། དེ་བཞིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་སྡེ་ཚན་གཙོ་བོའི་འགན་འཁུར་བ་བཅས་ཡོད་པ་རེད། དོ་རའི་འཛུགས་སྐྲུན་ལ་རྟོག་ཞིབ་བྱེད་པ་ཕུད། ད་དུང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་གངས་འཁྱག་ལུས་རྩལ་སྤེལ་ཚུལ་གྱི་བརྟག་ཞིབ་སོགས་རྟོག་ཞིབ་ཀྱི་ལས་རིམ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད།
     པག་ཧས་རྟོག་ཞིབ་མཇུག་འགྲིལ་སྐབས“པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ལས་དོན་ཁག་གཟེངས་སུ་ཐོན་པའི་ངང་སྒྲུབ་བཞིན་ཡོད་པ་མ་ཟད། ཕྱོགས་ཡོངས་དང་ཞིབ་ཚགས་པའི་འཆར་འགོད་ལ་བརྟེན་ནས་འཆར་གཞི་ཁག་སྒྲུབ་བཞིན་ཡོད་པ་ང་ཚོས་མཐོང་བྱུང་། འདི་ནི་ཀྲུང་གོའི་བྱ་བ་སྒྲུབ་སྟངས་ཤིག་རེད། ང་ཚོས་ལས་གྲྭ་དུས་ཐོག་ཏུ་ལེགས་གྲུབ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་ཡིད་ཆེས་ཆེན་པོ་ཡོད”ཅེས་གསུངས།
     པག་ཧ་དང་བཅས་པ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲང་ཅ་ཁའི་འགྲན་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁྲུང་ལི་ཆུས་སུ་གནས་པའི་ཀྲང་ཅ་ཁའི་འགྲན་ཁུལ་ལ“ཧྭ་བྱང་ས་ཁུལ་གྱི་རང་བྱུང་གངས་ཤུད་གློད་ས་ཡག་ཤོས”ཞེས་བརྗོད་ཀྱི་ཡོད། པག་ཧ་དང་བཅས་པ་དང་ཐོག་ཀུའུ་དབྱང་ཧྲུའུ་ལུས་རྩལ་དོ་རའི་ཨར་པོ་རྒྱག་ཡུལ་དུ་ཐོག་མར་འབྱོར་བ་དང་ས་ཁོངས་དེར་རྒྱལ་ཁབ་ཀྱི་མཆོང་སྟེགས་གངས་ཤུད་ལྟེ་གནས་དང་། རྒྱལ་ཁབ་ཀྱི་བྱེས་བགྲོད་གངས་ཤུད་ལྟེ་གནས། རྒྱལ་ཁབ་ཀྱི་དགུན་དུས་ཀྱི་རྣམ་གྲངས་གཉིས་ཀྱི་ལྟེ་གནས་བཅས་སྐྲུན་བཞིན་ཡོད། པག་ཧས་འགྲན་ཁུལ་དེ་གསུམ་གྱི་དབུས་སུ་གནས་པའི་རི་རྩེར་ཕེབས་ནས་གཟིགས་ཞིབ་གནང་སྐབས། འགྲན་ལམ་རགས་ཙམ་གྲུབ་ཡོད་པ་རེད།
     ས་ཁོངས་དེར་གནས་པའི་དོ་ར་གསུམ་པོར་ཚོད་རྩིས་བྱས་ན་2020ལོའི་ཟླ་དྲུག་པར་ཚོད་ལྟའི་འགྲན་བསྡུར་བྱ་ཐུབ་རྒྱུ་ཡིན་པས་པག་ཧས་རྟོག་ཞིབ་མཇུག་འགྲིལ་རྗེས་ལས་རིགས་གཅིག་པའི་མི་སྣར“ཧ་ཅང་ཡག་པོ་འདུག”ཅེས་གསུངས།
     པག་ཧས“གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་མངོན་གསལ་དོད་པོ་བྱུང་འདུག ང་ཚོས་མི་དུང་ཕྱུར་གསུམ་གྱི་སྣེ་ཁྲིད་དེ་གངས་ཤུད་ལུས་རྩལ་ལ་ཞུགས་པའི་ཕན་འབྲས་མངོན་གསལ་དོད་པོ་མཐོང་ཐུབ། ང་ཚོར་ད་ཐེངས་གངས་ཤུད་ལ་དགའ་པོ་ཡོད་པའི་ཕྲུ་གུ་མང་པོ་ཕྲད་བྱུང་ལ་དེ་བས་ང་ཚོས་སྦྱོང་བརྡར་བྱེད་བཞིན་པའི་ལུས་རྩལ་པའང་མཐོང་བ་དེ་དག་གིས་ང་ཚོར་བག་ཆགས་ཟབ་མོ་ཞིག་བཞག་བྱུང”ཞེས་གསུངས།
     པག་ཧས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས《ཨོ་ལིམ་ཕིག་གི་2020ལོའི་གྲོས་རིམ》ཁྱབ་བསྒྲགས་བྱས་རྗེས་སྐབས་དང་པོ་སྒྲུབ་གཉེར་གྱི་འདུན་ཞུ་དང་གྲབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གྲོས་རིམ་ལག་ལེན་བསྟར་བའི་ཨོ་རྩལ་འགྲན་ཚོགས་ཤིག་ཡིན་པས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་ལེགས་སྐྱེས་གསར་པ་འབུལ་བཞིན་ཡོད་ཅེས་གསུངས།