འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་14ཉིན།

༄༅༎སར་པི་ཡའི་ཙུང་ཐུང་གིས་གསུངས་དོན། 
“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་མུ་མཐུད་ཧུར་ཐག་ཞུགས་ཀྱི་ཡིན། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་14ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་རེ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སར་པི་ཡའི་ཙུང་ཐུང་ཝུ་ཆི་ཆིས་རྒྱལ་ས་པེར་ཀེ་རེ་ཏེར་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་འཕེལ་རྒྱས་གཏོང་བ་ནི་སར་པི་ཡའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་ཡིན་པས་སར་པི་ཡས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་མུ་མཐུད་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་འཐུས་སྒོ་ཚང་དུ་གཏོང་བའི་ཐད་གཞོལ་གྱི་ཡིན་ཞེས་གསུངས།
     ཝུ་ཆི་ཆིས་སར་པི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་རྒྱུན་གཏན་རང་བཞིན་གྱི་མཇལ་འཛོམས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བར་བྱས་པས་སར་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་ཐུབ་ཡོད། ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་འཕེལ་རྒྱས་གཏོང་བ་ནི་སར་པི་ཡའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་ཡིན་པས་སར་པི་ཡས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་མུ་མཐུད་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་གཞོལ་གྱི་ཡིན་ཞེས་གསུངས།
     ཁྲེན་པོས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་སར་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་སར་པི་ཡ་ཡིད་ཆེས་བྱ་ཆོག་པའི་གྲོགས་པོ་དང་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ལ་བརྩི་ཡི་ཡིན། ཀྲུང་སར་མཉམ་ལས་ཀྱིས་སར་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བར་ཕན་པ་ཡོད་པ་མ་ཟད། གཉིས་ཁེ་གཉིས་ཕན་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། མི་མངོན་པའི་ནུས་པ་ཆེ་བ། མདུན་ལམ་ཡངས་བ་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སར་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང“16+1གི་མཉམ་ལས”ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་རྒྱ་ཆེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།