འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་11ཉིན།

༄༅༎ཚོང་དོན་པུའི་པུའུ་ཀྲང་གིས་བསྟན་དོན། དཔྱིད་གསར་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་། 
སྤུས་ཚད་མཐོར་གཏོང་། ཞབས་ཞུར་དམ་འཛིན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་11ཉིན། 08:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་1ཉིན་གྱི་ཕྱི་དྲོ། ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་པེ་ཅིང་ཝང་ཧྥུའུ་ཅིང་ཉི་འོད་ཚལ་ཁྲོམ་དུ་ཕེབས་ཏེ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཚལ་ཁྲོམ་དུ་འཁྲུག་ཆ་དོད་ཅིང་། རྒྱལ་ཡོངས་ས་ཕྱོགས་གང་ས་ནས་ཐོན་པའི་སྔོ་ཚལ་སོས་པ་ཡོད་པས་འཛད་སྤྱོད་པའི་དགོས་མཁོ་གང་ལེགས་སྐོང་ཐུབ་ཡོད།
     “དཔྱིད་གསར་དུས་ཆེན་ནི་ནང་མི་ལྷན་འཛོམས་དང་གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པས། དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་འཁོར་རྒྱུག་བརྟན་པོ་འགན་ལེན་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོས་ལོ་གསར་སྤྲོ་པོ་ཞིག་གཏོང་ཐུབ་པ་བྱེད་དགོས” མིག་སྔར། རྒྱལ་ཡོངས་ཀྱི་ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་པ་དང་རིན་གོང་བརྟན་པོ་ཡོད་པས་མཁོ་འདོན་དང་དགོས་མཁོ་གཉིས་ཀ་ཡག་པོ་བྱུང་ཡོད་ཅེས་ཀྲུང་ཧྲན་གྱིས་གསུངས་པ་རེད།
     དཔྱིད་གསར་དུས་ཆེན་གོང་འཛད་སྤྱོད་ཁྲོམ་རར་སྐོར་ཞིབ་བྱ་རྒྱུ་ནི་ཚོང་དོན་པུའི་པུའུ་ཀྲང་གི་གོམས་གཤིས་ཤིག་རེད། 2018ལོར་ཀྲུང་ཧྲན་གྱིས་དུས་ཆེན་གོང་ཧྲང་ཧའེ་གྲོང་ཁྱེར་ཧྲང་ཧྲུའུ་ཡུང་ཧུའེ་ཚལ་ཁྲོམ་དུ་ཕེབས་ཏེ་བརྟག་ཞིབ་གནང་བ་དང་། འདི་ལོ་ཁོང་གིས་པེ་ཅིང་ཝང་ཧྥུའུ་ཅིང་རྐང་ཐང་ཁྲོམ་གཞུང་དང་། པེ་ཅིང་གྲོང་ཁྱེར་བརྒྱ་ཟོག་ཚོང་ཁང་། ཝང་ཧྥུའུ་ཅིང་ཉི་འོད་ཚལ་ཁྲོམ་བཅས་སུ་ཕེབས་ཏེ་དཔྱིད་གསར་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་ལ་བརྟག་ཞིབ་གནང་བ་རེད།
     ཀྲུང་ཧྲན་གྱིས་མུ་མཐུད་ཕྱོགས་གསུམ་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས། གཅིག་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་ནས་ཁེ་ལས་ཀྱིས་འབྲུ་སྣུམ་དང་། ཤ་རིགས། སྔོ་ཚལ་སོགས་འཚོ་བའི་མཁོ་ཆས་གྲ་སྒྲིག་བྱེད་ཚད་འགན་ལེན་བྱེད་དགོས་པའི་མཛུབ་ཁྲིད་བྱེད་དགོས་པ་དང་། གྲབས་གསོག་ཕག་ཤ་དང་སྔོ་ཚལ་ཁྲོམ་རར་འདོན་རྒྱུ་སྒྲིག་འཛུགས་བྱས་ནས“ལོ་གསར་གྱི་མཁོ་ཆས་དུས་ཆེན”དང“ལོ་གསར་གྱི་མཁོ་ཆས་གཅིག་སྡུད་ཆེ་མོ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ་མང་ཚོགས་སྟབས་བདེ་དང་བློ་ཡིད་ཚིམ་པ་བྱེད་དགོས། གཉིས་ནས་ཚོང་ཟོག་གི་སྤུས་ཚད་འགན་ལེན་གྱིས་ཁེ་ལས་ཀྱིས་སྤུས་ལེགས་དང་ཁྱད་ལྡན་གྱི་ལོ་གསར་མཁོ་ཆས་མཁོ་སྤྲོད་མང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ་མང་ཚོགས་འཛད་སྤྱོད་བློ་བདེ་ཡོང་བར་བྱེད་དགོས། གསུམ་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་དགོས་པ་དང་། རེས་སྐོར་ངལ་གསོ་རྒྱག་པ། ཚོང་ཁང་གི་སིལ་ཚོང་དང་བཟའ་བཏུང་ཁེ་ལས་དཔྱིད་གསར་དུས་ཆེན་རིང་སྒོ་མ་བརྒྱབ་པར་མང་ཚོགས་ཚོར་ཉོ་ས་ཡོད་པ་དང་ཟ་རྒྱུ་ཡོད་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།