འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་11ཉིན།

༄༅༎“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ལས་ཀྲུང་གོའི་ཉམས་འགྱུར་མངོན་པ། 
ཕྱི་རྒྱལ་གྱི་མང་ཚོགས་ཀྱིས་ཀྲུང་གོའི་ལོ་གསར་ཉམས་སུ་མྱོང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་11ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་རིགས་ཀྱི་མཉམ་སྒྲོག་རོལ་དབྱངས“ཏུན་ཧོང་སྒྲ་རིས”དང་། ཀྲུང་གོའི་བོད་རིགས་ཀྱི་གཡང་གསོལ་ཟློས་གར《གནམ་སའི་རྔ》 སྙན་འཇེབས་ལྡན་པའི་པི་ཝང་རྟ་མགོ་མ། ཀྲུང་གོའི་ཅིང་ཅུས་ཟློས་གར་དང་དྲག་རྩལ་སོགས་2019ལོའི་ཀྲུང་གོའི་ལུགས་རྙིང་ལོ་གསར་འཆར་ཉེའི་མཚམས་སུ“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་རྒྱལ་ཁབ་མང་པོ་ཞིག་ཏུ་སྤེལ་བར་ཀྲུང་གོའི་ཉམས་འགྱུར་ཟབ་མོ་འཕྱུར་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་ཀྲུང་གོའི་ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་ཡོད་པ་རེད།
     ཚེས་26ཉིན་གྱི་དགོང་མོ་ལ་ཐེ་ཝེ་ཡའི་རྒྱལ་ས་རི་ཀིའི་ཏཱ་ཅིར་ཏེ་རོལ་དབྱངས་ཚོམས་ཆེན་ནང་ཀྲུང་གོའི་པི་ཝང་རྒྱུད་གཉིས་མ་དང་། རོལ་ཆ་དབྱང་ཆིན། པི་ཝང་། འབུད་གཏོང་རོལ་ཆ་སོགས་མི་རིགས་ཀྱི་རོལ་ཆ་མཉམ་དཀྲོལ་གྱི་ལ་ཐེ་ཝེ་ཡའི་གྲགས་ཅན་གླུ་དབྱངས《ཏའོ་ཅ་ཝ་གཙང་པོ》ཞེས་པར་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད་པ་རེད།
     ལ་ཐེ་ཝེ་ཡའི་ལས་རིགས་ཁག་གི་མི་སྣ་དང་། ལ་ཐེ་ཝེ་ཡར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་ལྟད་མོ་བ་600ལྷག་ཙམ་གྱིས་འཁྲབ་སྟོན་བལྟས་པ་རེད། མི་རིགས་ཀྱི་རོལ་དབྱངས་ཚོགས་པས་ད་དུང་ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་རྩེར་སོན་རོལ་དབྱངས་དཀྲོལ་བའི་ནང་མི་རིགས་ཀྱི་མཉམ་སྒྲོག་རོལ་དབྱངས“ཏུན་ཧོང་སྒྲ་རིས”ལས་བདམས་པའི་ལེ་ཚན་དང་། 《གཅེས་པར་འོས་པའི་རྒྱ་སེ་མེ་ཏོག》《ཨ་ལ་མུའུ་ཧན》《འབྲོག་པའི་གཞས་གསར》སོགས་མི་རིགས་ཀྱི་ལེ་ཚན་ཚུད་ཡོད་པ་རེད།
     ནེའུ་ཙི་ལན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའོ་ཙུང་ཀོང་གིས“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ནི་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་སྤེལ་བའི་སྤུས་རྟགས་ཀྱི་རིག་གནས་བྱེད་སྒོ་ཞིག་ཡིན་པ་དང་། ཉིན་དེར་ནེའུ་ཙི་་ལན་གྱི་རིགས་རྒྱུད་བཅུ་གྲངས་ཀྱི་འཁྲབ་སྟོན་པ་དང་ལྟད་མོ་བ་མཉམ་དུ་འཛོམས་ནས་ཀྲུང་གོའི་དཔྱིད་གསར་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་དེ་ནི་ནེའུ་ཙི་ལན་གྱི་སྣ་མང་རིག་གནས་ཞི་མཐུན་མཉམ་གནས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཁ་འབྲལ་ཐབས་མེད་ལ། ཀྲུང་གོའི་དཔྱིད་གསར་དུས་ཆེན་དེའང་ནེའུ་ཙི་ལན་གྱི་རིགས་རྒྱུད་ཁག་གི་མི་དམངས་ཀྱིས་ལོ་གསར་བསུ་བ་དང་། འབྱུང་འགྱུར་ལ་སྨོན་ལམ་འདེབས་པ། མཛའ་གྲོགས་ལ་བདེན་དཔང་བྱེད་པ་བཅས་ཀྱི་དུས་སྐབས་བཟང་པོ་ཞིག་ཏུའང་གྱུར་ཡོད་པ་རེད།
     ཚེས་25ཉིན་གྱི་དགོང་མོ། ཀྲུང་གོའི་ནང་སོག་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་ཚོས་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པར་ཀྲུང་གོ་དང་རྒྱ་གར་གྱིས་མཉམ་དུ་དཔྱིད་གསར་བསུ་བའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ཞེས་པའི་ཐོག་སྙན་འཇེབས་ལྡན་པའི་པི་ཝང་རྟ་མགོ་མ་དང་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་པའི་ཧུའུ་མེ་སོགས་འཁྲབ་སྟོན་བྱས་ནས་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་རྒྱ་གར་དམངས་ཚོགས་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
     ཚེས་25ཉིན། དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན·ཡིད་དབང་འཕྲོག་པའི་ཅིང་ཅིན་ཧོའི”འགྲིམས་འཁྲབ་བྱེད་སྒོ་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་པེ་ཧྥུའུ་ལི་ཧྲན་གྲོང་ཁྱེར་སའེ་པན་ཟློས་གར་ཁང་དུ་སྤེལ་ནས་ཅ་ཀྲོའུ་ལྷོ་མའི་ས་ཁུལ་གྱི་ཀྲུང་གོའི་དཔྱིད་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
     ཨ་རིའི་ལྟད་མོ་བ་500ཙམ་གྱིས་ཟློས་གར་དང་། རྩལ་རྩེད། མི་རིགས་རོལ་དབྱངས། ཅིང་ཅུས། དྲག་རྩལ་སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་བལྟས་པ་དང་དེ་བཞིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་། དམངས་སྲོལ་གོམས་གཤིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་པར་རིས་འགྲེམས་སྟོན་ངོ་སྤྲོད་བྱས་པ་རེད།
     པེ་ཧྥུའུ་ལི་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སྨི་ལི་ཧྲིས་ཀྲུང་གོའི་ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་འཁྲབ་སྟོན་དང་དེ་བཞིན་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱིས་ཨ་རིའི་མི་དམངས་ལ་ཀྲུང་གོ་ཤེས་རྟོགས་བྱ་རྒྱུར་སྐར་ཁུང་གཏོད་ཡོད། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་དང་ཨ་རིའི་མང་ཚོགས་ཀྱི་མཉམ་འགུལ་སྤེལ་རེས་ལས་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
     གཞན་ཡང་ཚེས་26ཉིན། ཁེ་རོའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཁེ་རོའི་དབྱི་ཐ་ལིའི་རིག་གནས་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན། ཀྲུང་གོ་·དབྱི་ཐ་ལིའི་ཟས་མཆོག་གཟའ་འཁོར”ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་འགོ་ཚུགས་པ་རེད།
     “ལྒང་ཕུག་ལྟར་གྱི་ཐུག་པ་ཆེ་ཤོས”དང“འཐེན་ཐུག་ཕྲ་ཤོས”ཀྱི་རྣམ་གྲངས་གཉིས་ཀྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་རྒྱུན་འཛིན་པ་ཧྲན་ཤིས་ཐུག་པའི་བཟོ་རྩལ་གྱི་དགེ་རྒན་ཆེ་མོ་བ་ཝང་ཀྲང་ལུང་གིས་འགོ་ཚུགས་མཛད་སྒོའི་ཐོག་གྲིས་གཞོག་ཐུག་པ་དང་། ཀོན་ཀུང་འཐེན་ཐུག ལུང་ཤུས་འཐེན་ཐུག་སོགས་ཀྱི་བཟོ་རྩལ་དེ་གར་ཡོད་པའི་སྐུ་མགྲོན་ལ་བསྟན་པས་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།