འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་11ཉིན།

༄༅༎“ངའི་འཛམ་གླིང་ལ་རེ་བས་ཁེངས་པས་སྣ་ མང་ཕུན་སུམ་ཚོགས་སུ་ཕྱིན་པ”

——དབྱི་སི་རལ་གྱི་དམིགས་བསལ་སློབ་གསོ་ཧྲར་ཝ་རྒྱལ་ཁབ་ལྟེ་གནས་ལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་11ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཅེ་རུས་ས་ལེམ་དུ་ཕྲུ་གུ་ཚོས་ཧྲར་ཝ་ལྟེ་གནས་ཀྱི་ཟ་ཁང་ནང་ཁ་ལག་ཟ་བཞིན་པ།
འདི་ནི་ཅེ་རུས་ས་ལེམ་དུ་ཕྲུ་གུ་ཚོས་ཧྲར་ཝ་ལྟེ་གནས་ཀྱི་ཟ་ཁང་ནང་ཁ་ལག་ཟ་བཞིན་པ།
     “ངའི་འཛམ་གླིང་ལ་རེ་བས་ཁེངས་པས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ”འདི་ནི་ཧྲར་ཝ་རྒྱལ་ཁབ་ལྟེ་གནས་ཚོམས་ཆེན་གྱི་གྱང་ཐོག་བཀལ་བའི་སྐད་ཆ་དུམ་བུ་ཞིག་རེད། དམིགས་བསལ་སློབ་གསོའི་ལྟེ་གནས་དེའི་རོགས་རམ་འོག དེ་གར་དམིགས་བསལ་སློབ་གསོ་དང་ལེན་བྱེད་མཁན་བྱིས་པ་དང་གཞོན་ནུ་ལོ་ཆུང་ཚོས་རེ་བ་དང་ཆབས་ཅིག་འཚར་ལོངས་བྱུང་སྟེ་སྤྱི་ཚོགས་ཐོག་སྐྱོད་བཞིན་ཡོད།
     ཅེ་རུས་ས་ལེམ་དུ་ཡོད་པའི་ཧྲར་ཝ་རྒྱལ་ཁབ་ལྟེ་གནས་ནི་དབྱི་སི་རལ་གྱི་སྐད་གྲགས་ལྡན་པའི་ཁེ་ཕན་རང་བཞིན་མིན་པའི་དམིགས་བསལ་གྱི་སློབ་གསོའི་སྒྲིག་གཞི་ཞིག་ཡིན་པ་དང་ད་བར་ལོ་30ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2016ལོར་ཐོག་བརྩེགས་ཁང་ཆེན་གསར་པ་བསྐྲུན་ནས་སྤྱོད་འགོ་ཚུགས་ཚུན་བྱིས་པ་དང་གཞོན་ནུ་ལོ་ཆུང་སྟོང་ཕྲག་ཙམ་དེ་གར་ཡོང་ནས་དམིགས་བསལ་གྱི་སློབ་གསོ་སྣ་ཚོགས་དང་ལེན་བྱས་པས་རང་རྐྱ་འཕེར་བའི་ངང་འཚར་ལོངས་ཡོང་བའི་གོ་སྐབས་ཐོབ་པ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་འཚོ་བ་ཡང་དབང་ཡོད།
     ཡིའུ་ཁན་ནན·སའེ་མུར་སི་ནི་ཧྲར་ཝ་ལྟེ་གནས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཡིན།
     “ང་ཚོས་བྱས་པ་མཐའ་དག་ཕྲུ་གུར་རང་བྱུང་གི་འཚར་ལོངས་ཁོར་ཡུག་ཅིག་བཏོད་ནས་ཁོང་ཚོར་རང་ཉིད་ཚང་མ་དང་མཉམ་དུ་ཡོད་པ་དང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་ཤེས་སུ་འཇུག་གི་ཡོད”ཅེས་སའེ་མུར་སིས་གསར་འགོད་པར་བཤད།
     འདི་ལོ་ལོ་27ལ་སླེབས་པའི་ལེ་ཧྥེར·ཧའེ་མུའུ·མུའུ་ཤིས་ནི་ཐང་ཧྲི་ཕྱོགས་བསྡུས་ནད་ཕོག་པའི་ནད་པ་ཞིག་ཡིན། ད་ཆ་ཁོང་ཧྲར་ཝ་ལྟེ་གནས་སུ་སྣེ་ཤན་པ་བྱེད་ཀྱི་ཡོད། ཁོང་ད་ཐེངས་གསར་འགོད་པས་བཅར་འདྲི་བྱེད་པའི་སྣེ་ཤན་པར་གྱུར་པ་མ་ཟད། ཧྲར་ཝ་ལྟེ་གནས་ཀྱི་རོལ་དབྱངས་ཁོངས་མི་ཡང་ཡིན།
     སའེ་མུར་སིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཧྲར་ཝ་ལྟེ་གནས་ཀྱིས་ལོ་ལྟར་སྔོན་རྩིས་བྱས་ན་ཨ་སྒོར་ཁྲི་1500ཙམ་བཏང་བའི་ཁྲོད་ཀྱི་ཕྱེད་ཀ་ཞལ་འདེབས་བརྒྱབ་ནས་བྱུང་བ་དང་། 30%དབྱི་སི་རལ་སྲིད་གཞུང་ནས་སྤྲད་པ། དེ་བྱིངས་ཚང་མ་རང་ཉིད་ཀྱིས་བསགས་པ་ཞིག་ཡིན། ཧྲར་ཝ་ལྟེ་གནས་དབྱི་སི་རལ་གྱི་ཚོགས་འདུ་འཚོགས་ཡུལ་གལ་ཆེན་དུ་འགྱུར་བ་མ་ཟད། ཅེ་རུས་ས་ལེམ་གྱི་སྨན་ཁང་དང་འབྲེལ་བ་ཟབ་མོ་བཙུགས་ཡོད།
     བྱེད་སྒོ་སྤེལ་ཡུལ་ཞིག་ཏུ་གསར་འགོད་པར་ལོ་ཚད་མི་འདྲ་བའི་ཕྲུ་གུས་མེན་པོའོ་བཟོ་བཞིན་པ་མཐོང་། གསར་འགོད་པ་ཡོང་བ་མཐོང་སྐབས་རྒས་སྔ་བའི་ནད་ཕོག་པའི་བུ་མོ་ཞིག་གིས་འཛུམ་དམུལ་དམུལ་ངང་མདུན་དུ་ཡོང་ནས་རང་ཉིད་ངོ་སྤྲོད་བྱས། བུ་མོ་དེའི་མིང་ལ་ས་ཕིར་ཟེར་བ་དང་འདི་ལོ་ལོ་17རེད་འདུག ཁོང་གིས་གསར་འགོད་པར་ཉིན་ལྟར་དེ་གར་ཚང་མ་དང་མཉམ་དུ་འཚོ་བ་སྐྱེལ་བས་སྐྱིད་པོ་འདུག་ཅེས་བཤད།
     འདི་ལོ་ལོ་23ལ་སླེབས་པའི་ཅ་ལི·ཧ་ཝེ་ཕུའུ་ནི་ཧྲར་ཝ་ལྟེ་གནས་ཀྱི་དགེ་རྒན་ཞིག་ཡིན། ལོ་མང་རིང་ཁོང་གིས་དེ་གར་དང་བླངས་པ་ཞིག་བྱས། ད་ཆ་ཁོང་གིས་སྤྱི་ཚོགས་སུ་བསྐྱོད་མཁན་ན་གཞོན་ཚོར་རང་རྐྱ་འཕེར་བའི་ངང་འཚོ་བ་སྐྱེལ་བའི་འཇོན་ཐང་སློབ་ཀྱི་ཡོད།
འདི་ནི་ཅེ་རུས་ས་ལེམ་དུ་ཕྲུ་གུ་ཚོས་ཧྲར་ཝ་ལྟེ་གནས་སུ་མེན་པོའོ་བཟོ་སྟངས་སྦྱོང་བཞིན་པ།
འདི་ནི་ཅེ་རུས་ས་ལེམ་དུ་ཕྲུ་གུ་ཚོས་ཧྲར་ཝ་ལྟེ་གནས་སུ་མེན་པོའོ་བཟོ་སྟངས་སྦྱོང་བཞིན་པ།