འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ་
3ཚེས་5ཉིན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་
གཉིས་པ་ཟླ་3ཚེས་3ཉིན་པེ་ཅིང་དུ་འཚོག་རྒྱུ།

རྒྱལ་ཕྱི་རྒྱལ་ནང་གི་གསར་འགོད་པ་ཚོ་སྐབས་འདིར་གསར་འགོད་དུ་ཡོང་བར་དགའ་བསུ་ཞུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་02ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་2ཚེས་1ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་སོ་སོ་ནི་2019ལོའི་ཟླ་3ཚེས་5ཉིན་ནས་ཟླ་3ཚེས་3ཉིན་པེ་ཅིང་དུ་འཚོག་རྒྱུ་དང་། རྒྱལ་ཡོངས་མི་དམངས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་གིས་ཁྱབ་བསྒྲགས་བྱས་དོན། རྒྱལ་ཕྱི་རྒྱལ་ནང་གི་གསར་འགོད་པ་ཚོ་སྐབས་འདིར་གསར་འགོད་དུ་ཡོང་བར་དགའ་བསུ་ཞུ། 
    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་པེ་ཅིང་གྲོང་ཁྱེར་ཧྥུ་ཞིན་ལམ་ཁ་པའི་ཨང་གྲངས་11གི་མེ་ཏིང་ཡ་ལྟེ་གནས་སུ་གསར་འགྱུར་ལྟེ་གནས་སྒྲིག་བཀོད་བྱ་ནས། རྒྱལ་ཕྱི་རྒྱལ་ནང་གི་གསར་འགོད་པ་ཚོར་ཚོགས་ཆེན་གཉིས་ཀྱི་གསར་འགོད་ལས་དོན་ལ་འགན་འཁུར་དང་བཀོད་སྒྲིག་བྱ་རྒྱུ་རེད། གསར་འགྱུར་ལྟེ་གནས་སུ་ཟླ་2ཚེས་27ཉིན་དངོས་སུ་ལས་ཀ་འགོ་བརྩམ་རྒྱུ་རེད། 
    གསར་འགོད་པའི་གསར་འགོད་བྱ་བ་ལ་སྟབས་བདེ་བསྐྲུན་ཆེད། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་ནས་དུས་ཐོག་ལ་གསར་འགོད་ཀྱི་ཆབ་འཕྲིན་དང་གསར་འགོད་དང་འབྲེལ་བ་ཡོད་པའི་དཔྱིད་གཞིའི་ཡིག་ཆ་སྤེལ་རྒྱུ་རེད། 
    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས།http://www.npc.gov.cn/pc/13_2
    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས།http://www.cppcc.gov.cn