འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ཨ་རིའི་བར་གྱི་དཔལ་འབྱོར་ཚོང་དོན་མཐོ་རིམ་བར་གྱི་གྲོས་བསྡུར་མཇུག་འགྲིལ་བ།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ལུའུ་ཧོ་དང་ཐུག་འཕྲད་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་02ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་31ཉིན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཕོ་བྲང་དཀར་པོའི་འཇོང་དབྱིབས་ཀྱི་གཞུང་ལས་ཁང་དུ་ཨ་རིར་བསྐྱོད་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཐོ་རིམ་བར་གྱི་གྲོས་བསྡུར་བྱེད་མཁན་ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་རི་ཁྱོན་ཡོངས་ནས་དཔལ་འབྱོར་ཐད་གྲོས་བསྡུར་བྱེད་པར་ཀྲུང་གོའི་ཕྱོགས་སྣེ་ཁྲིད་མཁན་ལུའུ་ཧོ་དང་ཐུག་འཕྲད་བྱས་པ་རེད། 
     ལུའུ་ཧོ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐེ་རོན་ཕུ་ལ་བསྐུར་བའི་ངག་འཕྲིན་བརྒྱུད་སྤྲད་བྱེད། ཞི་ཅིན་ཕིང་གི་ངག་འཕྲིན་ནང་དུ། ཉེ་ཆར། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ནི་ཆེས་གནད་འགག་ཆེ་བའི་སྐབས་སུ་སླེབས་ཡོད་པ་སྟེ། ཟླ་བ་གོང་མར། ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཨ་ཀོན་ཐིང་དུ་འཇལ་འཛོམས་ཡག་པོ་བྱུང་ནས། མཉམ་གཅིག་ཏུ་སྙོམས་སྒྲིག་དང་མཉམ་ལས། བརྟན་བརླིང་རྨང་གཞི་བྱས་ནས་ཀྲུང་གོ་དང་ཨ་རི་བར་འབྲེལ་བར་སྐུལ་འདེད་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ། ང་ཚོའི་ཐུན་མོང་གི་ངོས་འཛིན་ལ་གཞིགས་ནས། རྒྱལ་ཁབ་གཉིས་དཔལ་འབྱོར་ཚོགས་ཁག་གིས་ཉེ་ཆར་གྲོས་བསྡུར་ཟབ་མོ་བྱས་ཏེ་འཕེལ་རྒྱས་ཡག་པོ་བྱུང་ཡོད་པ་རེད། ཕྱོགས་གཉིས་ཀས་ཕན་ཚུན་ལ་བརྩི་བཀུར་བྱ་རྒྱུ་རྨང་གཞི་བྱ་བ་དང་། མཉམ་ལས་མཉམ་རྒྱལ་བྱ་རྒྱུའི་རྣམ་འགྱུར་བཟུང་བ། མུ་མཐུད་དུ་ཁ་ཕྱོགས་ལྡོག་ནས་བསྐྱོད་དེ། གྲོས་བསྡུར་གཏིང་ཟབ་བྱ་རྒྱུའི་རེ་བ་ཡོད་ལ། གང་མགྱོགས་ངང་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པའི་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡར་སྐུལ་གྱི་བརྡ་རྟགས་སྤེལ་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ། གོ་ལ་ཧྲིལ་བོའི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་བྱེད་དགོས་པ། ཀྲུང་གོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ང་དང་ངའི་སྐུ་ཟླ་ཕེང་ལི་ཡོན་ནས་སྐུ་ཞབས་ཙུང་ཐུང་དང་སྐུ་ཟླ་མེ་ལ་ཉིང་ཡ་བཅས་པའི་ཁྱིམ་མི་ཡོངས་ལ་དཔྱིད་གསར་དུས་ཆེན་ལ་འཚམས་འདྲི་ཞུ་བ་ཡིན་ཞེས་བསྟན་ཡོད།