འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅།།རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4700ཡི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4700ཡི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད།
      མི་དམངས་དྲ་བའི་འཕྲིན། ཨ་མདོ་མེ་འཁོར་ས་ཚུགས་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་ཆེས་མཐོ་བའི་ལས་རེས་ལྟ་སྲུང་བྱེད་མཁན་ཡོད་སའི་མེ་འཁོར་འབབ་ཚུགས་ཤིག་ཡིན་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་ཡོད་ཅིང་། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4702ཡོད་པ་རེད། 
     2006ལོར། མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་པ་དང་། བོད་ལྗོངས་ཀྱི་བྱང་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཆུང་ཆུང་ཨ་མདོ་ཞེས་པ་དེར་མེ་འཁོར་བསྐྱོད་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཡིན་ནའང་། 2017ལོར་ད་གཟོད་ཨ་མདོའི་མེ་འཁོར་ས་ཚུགས་ལ་དངོས་སུ་མེ་འཁོར་སྤ་སེ་ཉོ་ས་སྒྲིག་བཀོད་བྱས་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་མེ་འཁོར་སྡོད་པར་སྤ་སེ་ཁ་སྣོན་བྱེད་དཀའ་བའི་གནད་དོན་ཐག་བཅད་པ་རེད། 
     ངོ་སྤྲོད་བྱས་པར་གཞིགས་ན། ཨ་མདོ་མེ་འཁོར་ས་ཚུགས་སུ་ཉིན་རེར་འགྲུལ་སྐྱེལ་མེ་འཁོར་ཐེངས་6བསྐྱོད་བཞིན་ཡོད་པ་དང་། ཆེས་སྔ་བ་ནི་ཆུ་ཚོད་5དང་སྐར་མ་56ཐོག་ཡིན་ཞིང་། ཆེས་འཕྱི་བ་ནི་ཆུ་ཚོད་23:00ཐོག་ཡིན། འདི་ལས་ཨ་མདོ་མེ་འཁོར་ས་ཚུགས་ཀྱི་ལས་བྱེད་མི་སྣས་ཉིན་རེར་ཆེས་རིང་ན་ཆུ་ཚོད་19ལ་ལས་སྒྲུབ་བྱེད་དགོས་པར་གྱུར་ཡོད། 
༄༅།།རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4700ཡི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད།
༄༅།།རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4700ཡི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད།