འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅༎བཀྲ་ཤིས་ལྷུན་པོར“པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་གཤེགས་ནས་བགྲང་བྱ་30འཁོར་བར་དྲན་གསོ་
ཞུ་བའི”ཡིག་གཟུགས་བརྩམས་ཆོས་དཔྱད་བསྡུར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་ནི་ཡིག་གཟུགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
པར་རིས་ནི་ཡིག་གཟུགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་30འཁོར་བའི་ལོ་ལ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོར“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡིག་གཟུགས་བརྩམས་ཆོས་འཚོལ་བསྡུ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྤེལ་ནས། རིན་པོ་ཆེའི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་གྱི་མཛད་རྗེས་ལ་དྲན་གསོ་ཞུས་པ་དང་། རིན་པོ་ཆེས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཐད་མཛད་པའི་ཕུལ་བྱུང་གི་མཛད་རྗེས་ལ་དྲན་གསོ་ཞུས་བ་རེད།
     ད་ཐེངས་ཀྱི་བྱེད་སྒོས་ཡིག་གཟུགས་བརྩམས་ཆོས་80ལྷག་ཙམ་འཚོལ་བསྡུ་བྱུང་ལ། དེའི་ནང་ལ་བོད་ཡིག་དང་། སམ་ཀྲི་ཏའི་ཡི་གེ རྒྱ་ཡིག དབྱིན་ཡིག་བཅས་ཡོད་ལ། དེའི་ནང་གི་བོད་ཡིག་ཡིག་གཟུགས་ཀྱི་ཁྲོད་དུ་ཡང་དབུ་ཅན་དང་དབུ་མེད།  འཁྱུག་ཡིག་དང་གནའ་བོའི་བོད་ཡིག་ཡིག་གཟུགས་སོགས་སྣ་ཚོགས་ཡོད་པས། དེས་བོད་ཡིག་ཡིག་གཟུགས་ཀྱི་མཛེས་ཉམས་དང་སྣ་མང་གི་རྣམ་པ་མངོན་ཞིང་། ཡུན་རིང་གི་ལོ་རྒྱུས་མངོན་པ་མ་ཟད། དགོན་པའི་གྲྭ་བཙུན་ཡོངས་ཀྱིས་སེམས་གཏིང་ནས་རིན་པོ་ཆེ་ལ་རྗེས་དྲན་ཞུ་བའི་ལྷག་བསམ་རྣམ་དག་མཚོན་པ་དང་། རིན་པོ་ཆེའི་བཀའ་སློབ་རྡོ་བརྐོས་རི་མོ་བཞིན་སེམས་ལ་བཞག་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ཧུར་ཐག་གིས་དར་སྤེལ་བྱེད་པའི་ཡིད་ཆེས་བརྟན་པོ་མཚོན་ཡོད་དོ།།
【1】  【2】  【3】