འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་31ཉིན།

༄༅།།མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཆུ་དང་ཙོང་ཆུའི་ཁུལ་གྱི་དམངས་སྲོལ་དུས་ཆེན་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་31ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་མཚོ་ཤར་ནས་ཟླ་1ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ལུགས་རྙིང་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཨུད་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2019ལོའི“མཚོ་སྔོན་གྱི་ལོ·མཚོ་ཤར་མཛེས”ཞེས་པའི་རིམ་སྤེལ་བྱེད་སྒོ་གྲོ་ཚང་ཁུལ་ནན་ལེང་རྗེས་ཤུལ་སྤྱི་གླིང་དང་ཕིན་ཨན་ཆུས་རྨ་ཆུ་དང་ཙོང་ཆུའི་བག་ཆགས·ཡོན་ཅ་གྲོང་ཚོར་དུས་གཅིག་ཏུ་གཉེར་བ་རེད།
     མཚོ་ཤར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཝང་ལིང་ཧུའུ་ཡིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་མཚོ་སྔོན་ལ་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་རེད། མཚོ་ཤར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“མཚོ་ཤར་གྱི་སྤྲོ་སྣང་ལྡན་པའི་ལོ་གསར་གཏོང་། རྨ་ཆུ་དང་ཙོང་ཆུའི་ཁུལ་གྱི་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ལ་རོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“མཚོ་སྔོན་གྱི་ལོ·མཚོ་ཤར་མཛེས”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ཏེ་རྨ་ཆུ་དང་ཙོང་ཆུའི་ཁུལ་གྱི་ཕུལ་བྱུང་གི་དམངས་སྲོལ་རིག་གནས་འགྲེམས་སྟོན་བྱེད་པ་དང་། མི་རིགས་ཁག་དབར་མཐུན་སྒྲིལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་རྣམ་པ་གསར་པ་མངོན་པར་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།