འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་30ཉིན།

༄༅༎“རླབས་ཆེན་གྱི་འཕོ་འགྱུར་ཏེ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་
འགྲེམས་སྟོན་ཆེ་གྲས་”ཀྱིས་དགུན་གནང་གི་ལྟ་སྐོར་ཚ་རླབས་བསུས་ཡོང་ལ།ཡུལ་དངོས་ཀྱི་ལྟད་མོ་བ་
མི་གྲངས་ཁྲི་300ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་30ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་1ཚེས་29ཉིན། “དུས་རབས་ཀྱི་དཔེ་བཟང”སྟེ་འཇིག་རྟེན་འཕུར་སྐྱོད་པ་ཚོགས་སྤྱིའི་འཐུས་མི་ཅིན་ཧའེ་ཕུང་(གཡོན)གིས་ཡུལ་དངོས་ཀྱི་ལྟད་མོ་བ་ཁྲི་300པ་སྟེ་ཡི་ཚབ་ཞུས་ནས་གནས་—— པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་ཚོད་ལྟའི་སློབ་གྲྭའི་དམའ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་སློབ་གྲོགས་ཁྲིན་ཧའོ་ཐེན་ལ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་སྦྲག་འཛིན་མིང་རྟགས་འགོད་ནས་སྤྲོད་པ།

     མི་དམངས་དྲ་བའི་འཕྲིན། “རླབས་ཆེན་གྱི་འཕོ་འགྱུར་ཏེ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ཆེ་གྲས”དམངས་ཚོགས་ལ་སྒོ་འབྱེད་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཀྱི་ལྟ་སྐོར་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་ལ། འགྲེམས་སྟོན་གྱི་འགུགས་ཤུགས་དང་ཤུགས་རྐྱེན་རྒྱུན་མཐུད་ངང་ཇེ་ཆེར་སོང་བ་རེད། དགུན་གནང་གི་ཁྲོད་ལ་རྒྱལ་སའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་གཅིག་རྗེས་གཉིས་མཐུད་ངང་གུང་གསེང་གི་དུས་ཚོད་བེད་སྤྱད་ནས་འགྲེམས་སྟོན་ལ་ལྟ་སྐོར་ཡོང་ལ། སླར་ཡང་ལྟ་སྐོར་གྱི་ཚ་རླབས་ཤིག་བསླངས་བ་རེད། 2019ལོའི་ཟླ་1ཚེས་29ཉིན་གྱི་ཕྱི་དྲོ་བར་དུ་བསྡོམས་རྩིས་བྱས་ན་འགྲེམས་སྟོན་ཡུལ་དངོས་ལ་ལྟ་སྐོར་བྱེད་མཁན་གྱི་མི་གྲངས་ཁྲི་300ལས་བརྒལ་བ་རེད།
ཟླ་1ཚེས་29ཉིན། ལྟད་མོ་བ་ཆུང་ཆུང་ཞིག་གིས་འགྲེམས་ཡུལ་དུ་ཀྲུང་གོ་ཚན་རིག་ཁང་གིས་རང་བརྟེན་ཞིབ་བཟོ་བྱས་པའི་མའོ་པུར་ཡིག་གཟུགས་མཉེན་ཆས་ཚོད་ལྟར་བཀོལ་བཞིན་པ།
ཟླ་1ཚེས་29ཉིན། ལྟད་མོ་བ་ཆུང་ཆུང་ཞིག་གིས་འགྲེམས་ཡུལ་དུ་ཀྲུང་གོ་ཚན་རིག་ཁང་གིས་རང་བརྟེན་ཞིབ་བཟོ་བྱས་པའི་མའོ་པུར་ཡིག་གཟུགས་མཉེན་ཆས་ཚོད་ལྟར་བཀོལ་བཞིན་པ།
ཟླ་1ཚེས་29ཉིན། ཕྱི་རྒྱལ་གྱི་ལྟད་མོ་བ་ཁ་ཤས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
ཟླ་1ཚེས་29ཉིན། ཕྱི་རྒྱལ་གྱི་ལྟད་མོ་བ་ཁ་ཤས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།