འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་30ཉིན།

༄༅།།པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སློབ་གྲྭ་ཆུང་འབྲིང་གིAPPདང་དྲ་རྒྱའི་ཚོགས་པ། སྤྱི་སྟེགས་
དོ་དམ་ཚད་ལྡན་གཏོང་བའི་ཐད་ལ་རྩོམ་སྤེལ་ཞིང་ཁྱོན་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་རེད། 

སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྐད་འཕྲིན་ཚོགས་པའི་ནང་དུ་ཁུག་དམར་བསྐུར་མི་ཆོག་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་30ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་《སློབ་གྲྭ་ཆུང་འབྲིང་གི་APPདང་དྲ་རྒྱའི་ཚོགས་པ། སྤྱི་སྟེགས་དོ་དམ་སྐོར་གྱི་བརྡ་ཐོ》(གཤམ་ནས་བསྡུས་མིང་《བརྡ་ཐོ》སྤྱོད་རྒྱུ་ཡིན)སྤེལ་ནས། སློབ་གྲྭ་ཆུང་འབྲིང་གི་APPདང་། དེ་བཞིན་དུ་སློབ་གསོ་དང་སློབ་ཁྲིད་ལ་སྤྱོད་པའི་ཆ་འཕྲིན་སྤེལ་སའི་དྲ་རྒྱའི་ཚོགས་པ་དང་སྤྱི་སྟེགས་ལ་དོ་དམ་ནན་མོ་བྱ་རྒྱུ་རེད། དེའི་ཁྲོད་དུ་ཁ་གསལ་པོར་བཤད་ཡོད་པ་ཞིག་ལ། སློབ་གླིང་དུ་བསྐྱོད་པའི་APPནས་“ཚད་ལས་བརྒལ་བའི་སློབ་ཁྲིད”བྱས་མི་ཆོག་པ་དང་། སློབ་མ་ནས་སློབ་ཡོན་བསྡུ་མི་ཆོག་པ། རྒྱུགས་ལེན་དང་འགྲན་བསྡུར། ཨང་རིམ་བསྒྲིག་པ་བཅས་རྩ་འཛུགས་བྱས་མི་ཆོག་པ། དུས་མཉམ་དུ། སློབ་གྲྭ་ཆུང་འབྲིང་གི་ཚོགས་པའི་ནང་དུ་སློབ་མའི་སྦྱངས་འབྲས་དང་ཨང་རིམ་བཅས་བསྐུར་མི་ཆོག་ཅིང་། ཁྱིམ་ཚང་གི་རྒྱབ་ལྗོངས་བསྡུར་མི་ཆོག་ལ། བྱིས་པའི་འདྲ་པར་བསྐུར་ནས་ངོམ་མི་ཆོག་པ། འཚམས་འདྲི་དང་བསྟོད་པ་ལན་མང་པོ་བསྐུར་མི་ཆོག་པ་དང་།  ཁུག་དམར་བསྐུར་མི་ཆོག་པ་བཅས་ཡོད།
     གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ད་དུང་ཚོགས་པ་དོ་དམ་ནན་པོ་བྱ་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་གི་ཚོགས་པ་ནི་གཙོ་བོ་སློབ་གསོ་དང་སློབ་ཁྲིད་ཀྱི་ཆ་འཕྲིན་སྤེལ་རེས་ལ་བེད་སྤྱོད་དགོས་པ་ནན་བཤད་བྱས་ཡོད། ཚོགས་པའི་ནང་དུ་སློབ་མའི་སྦྱངས་འབྲས་དང་ཨང་རིམ་མི་བསྐུར་ཞིང་། སྐྱོན་བརྗོད་དང་བསྟོད་བསྔགས་བྱས་ནས་སློབ་མར་སེམས་འཚིག་བཅུག་མི་ཆོག་པ། སློབ་གསོ་དང་སློབ་ཁྲིད་དང་འབྲེལ་བ་མེད་པའི་བརྡ་ཁྱབ་དང་རོགས་སྐྱོར། དཀར་སྡུད། སློབ་ཚན་མཉམ་དུ་ཉོ་བའི་ཆ་འཕྲིན་སོགས་མི་བསྐུར་བ། སློབ་མའི་གསང་བ་ལ་བརྩི་བཀུར་དང་། ཁྱིམ་ཚང་གི་རྒྱབ་ལྗོངས་བཤིར་བསྡུར་མི་བྱེད་པ། བྱིས་པའི་འདྲ་པར་མི་ངོམ་པ། འཚམས་འདྲི་དང་བསྟོད་པ་ལན་མང་བྱས་མི་ཆོག་ལ། ཁུག་དམར་བསྐུར་མི་ཆོག་པ་ནན་གྱིས་བཤད་འདུག