འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་29ཉིན།

༄༅༎ ཨན་པེ་ཡིས་རི་ཀྲུང་དབར་གྱི་འབྲེལ་བ་དུས་མཚམས་གསར་པ་ཞིག་ཏུ་མཐོ་རུ་གཏོང་འདོད་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་29ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ ཨན་པེ་ཡིས་རི་ཀྲུང་དབར་གྱི་འབྲེལ་བ་དུས་མཚམས་གསར་པ་ཞིག་ཏུ་མཐོ་རུ་གཏོང་འདོད་ཡོད་ཅེས་བརྗོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་28ཉིན། རི་པིན་གྱི་ཐོ་ཁེའོ་རུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་རྒྱལ་ཚོགས་སུ་སྲིད་སྐྱོང་གཏམ་བཤད་གནང་བ་རེད། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས་28ཉིན་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་སྲིད་སྐྱོང་གཏམ་བཤད་གནང་སྐབས། ཕྲུ་གུ་ཉུང་བ་དང་ན་རྒས་ཅན་སོགས་ཀྱི་འགྲན་སློང་རབ་དང་རིམ་པའི་འོག་འབད་པ་ཆེན་པོས་དུས་རབས་གསར་པ་འབྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རི་ཀྲུང་དབར་གྱི་འབྲེལ་བ་དུས་མཚམས་གསར་པ་ཞིག་ཏུ་མཐོ་རུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།