འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་29ཉིན།

༄༅།།རང་རྒྱལ་གྱིས་5Gདྲ་བའི་VRདུས་ཐོག་ངང་བཟོས་ནས་བརྒྱུད་གཏོང་ཚད་ལེན་ཚོད་ལྟ་བྱ་རྒྱུ་ཐོག་མར་
ལེགས་འགྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་29ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།རང་རྒྱལ་གྱིས་5Gདྲ་བའི་VRདུས་ཐོག་ངང་བཟོས་ནས་བརྒྱུད་གཏོང་ཚད་ལེན་ཚོད་ལྟ་བྱ་རྒྱུ་ཐོག་མར་
ལེགས་འགྲུབ་བྱུང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་28ཉིན། 2019ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ཀྱི་ཆས་སྤྲས་སྔོན་སྦྱོང་བྱེད་འགོ་ཚུགས་པ་དང་། གཟིགས་མོ་བ་རྣམས་ཀྱིས་5Gདྲ་བས་དཔྱིད་གསར་དགོང་ཚོགས་སྒུག་སའི་ཚོམས་ཆེན་དང་། ཁྲང་ཁྲུང་དང་ཧྲེང་ཀྲེང་ཡན་ལག་ཚོགས་ར་གཉིས་བཅས་ཀྱི་ཡུལ་ལྗོངས་ཧྲིལ་པོ་སྔོན་ནས་བལྟ་ཆོག་པའི་རྣམ་པ་གསར་པ་ཉམས་སུ་མྱོང་ཐུབ་པ་དང་། འདི་ནི་5Gདྲ་བསVRདུས་ཐོག་ངང་བཟོས་ནས་བརྒྱུད་གཏོང་ཚོད་ལྟ་ལེགས་འགྲུབ་བྱུང་བའི་འབྲས་བུ་རེད།
     ཟླ་1ཚེས་28ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུང་གོ་འཕྲིན་འབྲེལ་དང་། ཧྭ་ཝེ་ཀུང་སི་བཅས་དང་མཉམ་འབྲེལ་ཐོག་ཅི་ལིན་ཁྲང་ཁྲུན་ནས་5Gདྲ་བས་VRདུས་ཐོག་ངང་བཟོས་ནས་བརྒྱུད་གཏོང་ཚོད་ལྟ་བྱ་རྒྱུ་འགོ་བརྩམས་པ་དང་། དཔྱིད་གསར་དགོང་ཚོགས་ཀྱི་ཁྲང་ཁྲུན་ཡན་ལག་ཚོགས་ར་ནས་5Gཡི་ཐད་གཏོང་བཀོལ་སྤྱོད་བྱ་རྒྱུར་ལག་རྩལ་གྱི་ཚོད་ལྟ་ར་སྤྲོད་དང་གྲ་སྒྲིག་མཁོ་འདོན་བྱས་པ་རེད།