འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་29ཉིན།

༄༅།།བོད་རིགས་སློབ་མས་དཔྱིད་གསར་སྐྱེལ་འདྲེན་ལ་ཞབས་འདེགས་ཞུ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་29ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།བོད་རིགས་སློབ་མས་དཔྱིད་གསར་སྐྱེལ་འདྲེན་ལ་ཞབས་འདེགས་ཞུ་བ།
     2019ལོའི་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ་ནས་བཟུང་། ཅང་ཤིས་ཡེ་ཅིན་ལས་རིགས་ལག་རྩལ་སློབ་གླིང་གི་བོད་རིགས་སློབ་མ་17ཤིན་ཡུས་བབས་ཚུགས་བྱང་མར་ཡོང་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་དང་བླངས་པའི་ཞབས་འདེགས་ཞུས་པ་རེད། ཁོང་ཚོས་མི་རིགས་ཀྱི་གྱོན་ཆས་ལེགས་པར་སྤྲས་ནས་བབས་ཚུགས་ཀྱི་ལས་གནས་ཁག་ཏུ་ཡུལ་སྐོར་བར་སྤ་སེ་ཉོ་ས་སྟོན་པ་དང་རྡོག་ཁྲེས་དབོར་བ་སོགས་ཀྱི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། བབས་ཚུགས་ཀྱི་མེ་འཁོར་སྒུག་སར་བོད་རིགས་ཀྱི་དང་བླངས་པས་མི་རིགས་ཀྱི་ཞབས་བྲོ་རྒྱག་པ་དང་འབྲེལ་འགྲུལ་པར་ཇ་སྲུབས་མ་བཀྱགས་པ་དང་ཁ་བཏགས་གཡོགས་ནས་ཕར་འགྲོ་ཚུར་འོང་གི་འགྲུལ་པར་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་མཚོན་པར་བྱས་ཏེ་མཉམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བསུས་ཤིང་། འདི་ནི་ཅང་ཤིས་ཤིན་ཡུས་བབས་ཚུགས་བྱང་མར་བོད་རིགས་སློབ་མ་དང་སློབ་གྲོགས་ཚོས་མཉམ་དུ་འགྲུལ་པར་ཇ་སྲུབས་མ་འགྱོག་བཞིན་པ།