འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་28ཉིན།

༄༅༎ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་དགའ་སྤྲོའི་ངང་ལོ་གསར་བསུ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་28ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་རྣམས་ཀྱིས་ལོ་གསར་བསུ་བའི་འཁྲབ་ཚན་ནང་སྦྱོང་བྱེད་བཞིན་ཡོད་པ།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་རྣམས་ཀྱིས་ལོ་གསར་བསུ་བའི་འཁྲབ་ཚན་ནང་སྦྱོང་བྱེད་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། བྱིས་པ225ལ་སྔར་བས་སྤྲོ་སྐྱིད་ལྡན་ཞིང་བཀྲ་ཤིས་པའི་ལོ་གསར་ཞིག་རོལ་འཇུག་ཆེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་ཟླ་བ་གཅིག་གི་སྔོན་ནས་བཟུང་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་དང་། དུས་ཆེན་གྱི་རྣམ་པ་བསྐྲུན་པ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་སོགས་བྱས་ནས་ལོ་གསར་ལ་གྲ་སྒྲིག་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ནི་2016ལོའི་ཟླ་2པར་དངོས་སུ་སྤྱོད་འགོ་ཚུགས་ལ། དེར་བྱིས་པ་433གཅིག་སྡུས་ཀྱིས་གཉོར་བཞིན་ཡོད་པ་རེད། དེའི་ཁྲོད་དུ་ཕན་བདེ་ཁང་དུ་འཚོ་བ་སྐྱེལ་པའི་བྱིས་པ་218ཡོད་ལ། ཕྱིའི་སློབ་གྲྭར་ཡོད་པའི་བྱིས་པ་215ཡོད། ཕན་བདེ་ཁང་གིས“གཅེས་སེམས་ལ་བརྟེན་ནས་བརྩེ་སེམས་གསོ་སྐྱོང་བྱེད་པ”དགོངས་དོན་བྱས་ཏེ། བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱེད་ཀྱི་ཡོད།
【1】  【2】
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་བྱིས་པས་ཁྲ་མའི་སྦྱར་རིས་སྦྱོར་བཞིན་ཡོད་པ།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་བྱིས་པས་ཁྲ་མའི་སྦྱར་རིས་སྦྱོར་བཞིན་ཡོད་པ།