འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་28ཉིན།

༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྣམ་གྲངས་31འདི་ལོའི་ཞིང་ཆེན་ཡོངས་ཀྱི་གཙོ་
གནད་རྣམ་གྲངས་ཀྱི་མིང་གྲལ་ནང་བཅུག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་28ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2019ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁྱོན་རྣམ་གྲངས་31སི་ཁྲོན་ཞིང་ཆེན་གྱི་2019ལོའི་གཙོ་གནད་རྣམ་གྲངས་700ཡི་མིང་གྲལ་ནང་བཅུག་པ་དེའི་ནང་གི་རྣམ་གྲངས་3སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་སྐུལ་འདེད་རྣམ་གྲངས་100ཡི་ནང་ཚུད་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། གཙོ་གནད་རྣམ་གྲངས་31ནང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1716དང་སྔོན་དཔག་མ་དངུལ་སྒོར་དུང་ཕྱུར་140.2གཏོང་རྒྱུ་ཡིན་པའི་རང་ཚུགས་རྣམ་གྲངས་27དང་། ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་དུམ་བུ་བར)དང་། ལྕགས་ཟམ་ཁ་ནས་ཧྲི་མན་མྱུར་བགྲོད་གཞུང་ལམ་སོགས་ས་ཁུལ་དང་། གྲོང་ཁྱེར། ཀྲོའུ་བཅས་སྒྲོལ་བའི་རྣམ་གྲངས་2 སི་ཁྲོན་ཞིང་ཆེན་གྱི་ཆན་ཧྥུའུ་500ཡི་གློག་དྲའི་ལས་འགོ་གསར་འཛུགས་རྣམ་གྲངས་དང་། ཁག་བཞི་པའི་འཕྲིན་གཏོང་ལྕགས་སྒྲོམ་ལ་ཡོངས་ཁྱབ་ཞབས་འདེགས་ཞུ་བ་དང་དེའི་རྨང་གཞིའི་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་སོགས་སི་ཁྲོན་ཞིང་ཆེན་གྱི་མཉམ་སྒྲིག་རྣམ་གྲངས་2བཅས་ཡོད་པ་རེད།
     གཞན་ཡང་། གལ་ཆེན་ནང་གི་འགངས་ཆེན་འབུར་དུ་ཐོན་པ་བྱ་ཆེད་སི་ཁྲོན་ཞིང་ཆེན་གྱིས་གཙོ་གནད་རྣམ་གྲངས་ཀྱི་མིང་གྲལ་ནང་ནས་འདེགས་སྐྱོར་རང་བཞིན་ཆེ་བ་དང་། ཤུགས་རྐྱེན་ཐེབས་རྒྱ་ཆེ་བའི་རྣམ་གྲངས་གལ་ཆེན་100བདམས་ནས་གཙོ་གནད་དུ་སྐུལ་འདེད་གཏོང་རྒྱུ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྣམ་གྲངས་3“གཙོ་གནད་རྣམ་གྲངས”ནང་བཅུག་པ་དེ་དག་ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་དུམ་བུ་བར)དང་། ས་བབ་མཐོ་བའི་འཇིག་རྟེན་འཕྲོ་འོད་ལྟ་ཞིབ་ཚད་ལེན་ས་ཚིགས་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན། ཆུ་མདོ་གཉིས་ཀྱི་ཆུ་ཤུགས་གློག་ཁང་བཅས་རེད།