འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་24ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”
ཀྱི་འཐུས་མི་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་24ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་དེ་ཉིན“དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ཀྱི་འཐུས་མི་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་ཏེ། “དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ཀྱི་འཐུས་མི་5གདན་དྲངས་ནས“དམག་ཆས་ཕུད་ཟིན་ཡང་དམག་མིའི་རང་གཤིས་མི་འགྱུར་བ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པར”དམིགས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ངོ་འཕྲད་སྤེལ་རེས་བྱས་ཏེ་གསར་འགོད་པའི་དྲི་བར་ལན་བཏབས་པ་རེད།
     “དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”5ཡི་འཐུས་མི་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མདེལ་འཕྲལ་རུ་འབྲིང་གི་འགན་འཁུར་བ་ཀྲང་པའོ་ཀོ་དང་། ཀོང་ཀྲོའུ་འགག་སྒོ་ལས་ཁུངས་ཀྱི་རིགས་དབྱེ་ཡན་ལག་ལྟེ་གནས་ཀྱི་སྒོ་ཁྲལ་རིགས་གཅིག་མཁས་ཅན་ཀན་ལུ། ཐན་ཅིན་དབྱིན་ཙོ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཝང་ཀུད་ཝུ། ཅང་ཤི་པིང་ཀོ་ཚལ་སྐྱེལ་ཁེ་ལས་ཚད་ཡོད་ཀུང་སིའི་གསར་གཏོད་མཁན་ཁྲེན་ཁུན་ཡོན། ནང་སོག་གློག་ཤུགས(ཚོགས་པ)འགན་འཁྲི་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ལག་རྩལ་པུའི་པུའུ་ཀྲང་གཞོན་པ་ཀྲེན་ལུ་བཅས་རེད།
     དམག་ཞབས་ཐིམས་པའི་དམག་མིས་གང་འདྲ་བྱས་ཏེ་ལས་རིགས་སོ་སོར་གཞི་ཚུགས་ནས་ནུས་པ་གང་འདྲ་ཞིག་འདོན་དགོས་མིན་སྐོར་གླེང་སྐབས། ཀྲང་པའོ་ཀོས་རང་ཉིད་ཀྱིས་ལོ་20ལྷག་ཙམ་རིང་འབད་འཐབ་མཐའ་འཁྱོངས་བྱས་ཏེ་བདེ་བཤེར་མདེལ་འཕྲལ་ལས་ཀའི་གཡུལ་ས་མདུན་མའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ཁོང་གིས་དམག་ཞབས་ཐིམས་པའི་དམག་མིས་རང་གནས་ལ་གཞི་ཚུགས་པ་དང་ལྷག་བསམ་ཟོལ་མེད་ངང་ལས་འགན་བསྒྲུབས་ཐོག་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བྱས་རྗེས་འཇོག་དགོས་པའི་ངོས་འཛིན་བྱས་པ་རེད། “མ་གཞི་དམག་ཆས་ཕུད་ཟིན་ཡང་དམག་མིའི་རང་གཤིས་མི་འགྱུར་བར་མི་དམངས་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ས་ཆ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞུགས་དགོས”ཞེས་ཁྲེན་ཁུན་ཡོན་གྱིས་ཁ་གསབ་བྱས་ནས་བརྗོད། ཁྲེན་ཁུན་ཡོན་གྱི་ཀུང་སིའི་ལས་མི་80%དམག་ཞབས་ཐིམས་པའི་དམག་མི་དང་དམག་མིའི་ནང་མི་ཡིན་པ་དང་། ལས་ཆོད་ཆེ་བ་དང་། ལག་བསྟར་འཇོན་ཐང་ཆེ་བ། དམག་ཆས་ཕུད་ཟིན་ཡང་དམག་མིའི་རང་གཤིས་མི་འགྱུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་དམག་མིའི་དཔུང་ཁག་ཅིག་བཏོད་ཡོད། དམག་མི་ནས་འགག་སྒོ་ལས་ཁུངས་ཀྱི་དཔོན་རིགས་སུ་གྱུར་པའི་ཀན་ལུའི་ངོས་ནས་དམག་མིའི་སྤྱོད་ཚུལ་དང་། དམག་མིའི་སྙིང་སྟོབས། དམག་མིའི་དད་སེམས་བཅས་རྒྱུན་འཁྱོངས་ཐུབ་ཚེ། དམག་ཞབས་ཐིམས་པའི་དམག་མིས་མི་ཚེའི་དུས་མཚམས་དང་ལས་གནས་མི་འདྲ་བར་འབད་འབུངས་སྟོབས་བརྩོན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་གློག་ཤུགས་ལས་རིགས་ཀྱི་ལག་རྩལ་འཇོན་ཐང་ཅན་ཀྲེན་ལུས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱས་པ་སྟེ། ཁོང་གི་མྱོང་ཚོར་ནི་དམག་ཞབས་ཐིམས་པའི་དམག་མིས་ལས་གནས་གསར་པར་ལེགས་ཐོག་ལེགས་འཚོལ་གྱི་སྒོ་ནས་ལས་སྒོར་བརྩོན་ཞིབ་དང་སྤྱིར་བཏང་གི་ལས་གནས་ཐོག་འབད་འཐབ་ལྷོད་མེད་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པ་དེ་རེད།