འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་23ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས“རྒྱལ་ཁབ་ཀྱི་བདེ་འཇགས”ཟེར་བར་ཁ་གཡར་ནས་
ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་སྤྲད་ཡོད་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་21ཉིན།  ཨ་རི་ཕྱོགས་ཀྱིས“རྒྱལ་ཁབ་ཀྱི་བདེ་འཇགས”ཀྱི་མིང་གང་བྱུང་དུ་སྤྱད་ནས། ཀྲུང་གོའི་ཁེ་ལས་ཀྱི་རྒྱུན་ལྡན་གྱི་ཚོང་ལས་བྱ་སྤྱོད་ལ་དམའ་འབེབས་དང་གནོན་ཤུགས་སྣ་ཚོགས་སྤྱད་པ་ནི། མ་ཉེས་ཁ་གཡོགས་བྱེད་པའི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་པ་རེད།
     དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་དཔོན་རིགས་ཀྱིས་ཉིན་ཤས་གོང་དྲ་བའི་བདེ་འཇགས་དང་གསང་འཕྲིན་ཤོར་བའི་སེམས་ཁྲལ་རྒྱུ་མཚན་དུ་བྱས་ཏེ་དབྱི་སི་རལ་ལ་ཀྲུང་གོའི་མ་འཇོག་རྣམ་གྲངས་མེད་པ་བཟོ་དགོས་པ་དང་། ལྷག་པར་དུ་ཧའེ་ཧྥ་གྲུ་ཁའི་རྣམ་གྲངས་མེད་པར་བཟོ་དགོས་པའི་ཐ་ཚིག་བསྒྲགས་པ་རེད། དེའི་ཐད་རང་མིང་ཤོད་འདོད་མེད་པའི་དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ཀྲུང་གོ་དང་འབྲེལ་བའི་བདེ་འཇགས་སྐོར་གྱི་ཐ་ཚིག་བསྒྲགས་པ་དེ་ནི་དགོད་བྲོ་བའི་གཏམ་ཞིག་རེད་ཅེས་བཤད།  གལ་ཏེ་ཀྲུང་གོས་གསང་འཕྲིན་བསྡུ་རུབ་བྱེད་འདོད་ན། ཧའེ་ཧྥ་རུ་སྡོད་ཁང་ཞིག་གླས་ན་ཆོག་པས།  གྲུ་ཁ་ཞིག་གི་བདག་དབང་ལ་མ་འཇོག་བྱེད་དགོས་མེད་ཅེས་བརྗོད་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཧྭ་ཁྲུན་ཡིང་གིས་སྐབས་ཤིག་རིང་ཨ་རི་ཕྱོགས་ཀྱིས“རྒྱལ་ཁབ་ཀྱི་བདེ་འཇགས”ཀྱི་མིང་གང་བྱུང་དུ་སྤྱད་ནས། ཀྲུང་གོའི་ཁེ་ལས་ཀྱི་རྒྱུན་ལྡན་གྱི་ཚོང་ལས་བྱ་སྤྱོད་ལ་དམའ་འབེབས་དང་གནོན་ཤུགས་སྣ་ཚོགས་སྤྲད་ཡོད་པ་རེད།   ཨ་རི་ཕྱོགས་ཀྱིས་གནད་དོན་འདིའི་ཐད་ཡང་ནས་ཡང་དུ་དོན་དངོས་སྣང་མེད་དུ་འཇོག་པ་དང་།  མ་ཉེས་ཁ་གཡོགས་བྱས་པས། ཐ་ན་ཨ་རི་རང་ཉིད་ཀྱི་མནའ་གྲོགས་ཀྱིས་ཀྱང་དགོད་བྲོ་བའི་གཏམ་ལ་ངོས་འཛིན་བྱེད་ཀྱི་ཡོད།  "ཁྱོད་ཀྱིས་བལྟས་ན་ཀྲུང་གོ་ཕྱོགས་ཀྱིས་ད་དུང་དཔྱད་གཏམ་སྤེལ་དགོས་སམ"ཞེས་བརྗོད།