འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་23ཉིན།

༄༅༎2019ལོའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཚོང་དོན་དང་མ་འཇོག་གླེང་སྟེགས་པེ་ཅིང་དུ་འཚོགས་ལ།
ཧུའུ་ཁྲུན་ཧྭ་དང་ཧུང་སེན་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཚོང་དོན་དང་མ་འཇོག་གླེང་སྟེགས་ཚེས་22ཉིན་པེ་ཅིང་དུ་འཚོགས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་མཉམ་དུ་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་གསུངས་པ་རེད། 
     ཧུའུ་ཁྲུན་ཧྭ་ཡིས། ཉེ་བའི་ལོ་ཤས་རིང་ལ། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། ཀྲུང་ཁམ་ཕྱོགས་གཉིས་ཀྱི་ཚོང་དོན་མགྱོགས་མྱུར་ངང་འཕར་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་བཏོན་པའི་ཨ་སྒོར་དུང་ཕྱུར་60ཡི་དམིགས་ཚད་ལོ་གཉིས་ཀྱི་སྔོན་ལ་མངོན་འགྱུར་བྱུང་ཡོད་ལ། མ་འཇོག་མཉམ་ལས་གོམ་སྟབས་བརྟན་པོའི་ངང་མདུན་དུ་སྤེལ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། ཕྱོགས་མང་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་རྒྱུན་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཉམ་ལས་འཆར་འགོད་རྩ་གནད་དོན་འཁྱོལ་མགྱོགས་སུ་བཏང་ནས། ཉོ་ཚོང་གཞི་ཁྱོན་རྒྱུན་མི་ཆད་པར་རྒྱ་བསྐྱེད་པ་དང་། ཉོ་ཚོང་གི་གྲུབ་ཚུལ་ལེགས་སྒྱུར་བྱ་འདོད་ལ། ཐོན་ནུས་དང་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་སྒྲོམ་གཞིའི་འོག་གི་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་ཇེ་ལེགས་དང་ཇེ་མཐོར་བཏང་ནས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདོད་ཡོད་ཅེས་བརྗོད།
     ཧུང་སེན་གྱིས་ཤིས་ཚིག་ནང་དུ། ཁམ་ཕུ་ཁྲེ་དང་ཀྲུང་གོ་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་ཡིན་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཁམ་ཕུ་ཁྲེས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བར་གཞོལ་བཞིན་ཡོད་ལ། གོམ་གང་མདུན་སྤོས་ཀྱིས་ཁམ་ཕུ་ཁྲེའི་ཐོན་ལས་འཆར་འགོད་དེ་“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་ཡོང་བར་བྱས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་འདོད་ཡོད་ཅེས་བརྗོད། 
     2019ལོའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཚོང་དོན་དང་མ་འཇོག་གླེང་སྟེགས་ནི་ཀྲུང་གོའི་ཚོང་དོན་པུའུ་དང་། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན། ཁམ་ཕུ་ཁྲེའི་ཚོང་ལས་པུའུ། ཀྲུང་གོར་བཅའ་སྡོད་བྱས་པའི་ཁམ་ཕུ་ཁྲེའི་གཞུང་ཚབ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།