འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་23ཉིན།

༄༅།།བོད་ལྗོངས་ཀྱི“གཡག་གུ་བུམ་པའི”སྐད་གཉིས་བྱིས་སྒྲུང་འགྲན་བསྡུར་སྐབས་དང་པོ་
བདེ་བླག་ངང་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།བོད་ལྗོངས་ཀྱི“གཡག་གུ་བུམ་པའི”སྐད་གཉིས་བྱིས་སྒྲུང་འགྲན་བསྡུར་སྐབས་དང་པོ་
བདེ་བླག་ངང་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། 2018ལོའི་ལོ་མཇུག་ཏུ། བྱིས་པའི་སྐད་བརྡ་སྤྲོད་པའི་ནུས་པ་ཇེ་མཐོར་གཏོང་བ་དང་། སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་གཏོང་བ། དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས། བྱིས་པའི་སློབ་གསེང་སྐབས་ཀྱི་དཔེ་ཀློག་གི་མོས་པ་སྐུལ་སློང་བྱ་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་བོད་ལྗོངས་ཀྱི་བྱིས་པ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་དམིགས་ནས་སློབ་སྦྱོང་གི་སྟེགས་བུ་ཞིག་བསྐྲུན་ཡོད་པ་སྟེ། “དུས་རབས་གསར་པའི་ན་གཞོན་གསར་པ”ཞེས་པའི་གཡག་གུ་བུམ་པའི་སྐད་གཉིས་བྱིས་སྒྲུང་འགྲན་སྡུར་སྐབས་དང་པོ་སྤེལ་བ་རེད། 
     ཐེངས་འདིའི་བྱེད་སྒོར་ཞུགས་མཁན་ནི་བོད་རང་སྐྱོང་ལྗོངས་ནང་ཁོངས་ཀྱི་བྱིས་བཅོལ་ཁང་གི་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཡིན་ཞིང་། འགྲན་ཞུགས་བརྩམས་ཆོས་ནང་རྒྱ་ཡིག་དང་ཕྱི་རྒྱལ་གྱི་བྱིས་སྒྲུང་དང་། བོད་ཀྱི་དམངས་སྒྲུང་དང་བློ་སྒོ་འབྱེད་པའི་སྒྲུང་སོགས་ཡོད་ལ། ད་དུང་མཛེས་སྡུག་ལྡན་པའི་འཚོ་བའི་འགྱུར་ལྡོག་དང་། འཚར་ལོངས་དང་ཕུགས་བསམ་སོགས་ལྷུག་པོར་བརྗོད་པའི་གསར་དུ་བརྩམས་པའི་སྒྲུང་ཡང་ཡོད།
【1】  【2】
༄༅།།བོད་ལྗོངས་ཀྱི“གཡག་གུ་བུམ་པའི”སྐད་གཉིས་བྱིས་སྒྲུང་འགྲན་བསྡུར་སྐབས་དང་པོ་
བདེ་བླག་ངང་སྤེལ་བ།