འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་21ཉིན།

༄༅༎མོ་ཞི་ཁོའི་སྣུམ་འདྲེན་མདོང་ལམ་འབར་གས་བྱུང་བའི་དོན་རྐྱེན་ཐད།
ཞི་ཅིན་ཕིང་གིས་ལོ་ཕའེ་སི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་21ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ཞི་ཁོའི་སྣུམ་འདྲེན་མདོང་ལམ་འབར་གས་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པར་མོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
         ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་མོ་ཞི་ཁོའི་དབུས་རྒྱུད་དུ་སྣུམ་འདྲེན་མདོང་ལམ་འབར་གས་བྱུང་བའི་དོན་རྐྱེན་ཐོན་ནས་མི་སྣ་འཆི་རྨས་ཚབས་ཆེན་བཟོས་པ་གློ་བུར་ཤེས་ཚོར་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་པ་དང་ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། རྨས་མ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་རེ་བ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དེར་དགོས་ངེས་ཀྱི་རོགས་རམ་བྱ་འདོད་ཡོད་ཅེས་གསུངས།