འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་18ཉིན།

༄༅༎ 2019ལོར་བོད་ལྗོངས་ཀྱིས་ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་
ཡོང་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
2018ལོའི་ཟླ་4ཚེས་18ཉིན། བཟོ་པས་བོད་ལྗོངས་ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡངས་པ་ཅན་གྲོག་རོང་དུ་ལས་ཀ་བྱེད་བཞིན་པ།
2018ལོའི་ཟླ་4ཚེས་18ཉིན། བཟོ་པས་བོད་ལྗོངས་ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡངས་པ་ཅན་གྲོག་རོང་དུ་ལས་ཀ་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཡོང་བའི་རྣམ་གྲངས་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་ལོ་མཇུག་གོང་ཤང་དང་གྲོང་རྡལ། སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཡོང་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
     ས་ཁམས་དང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པས་འགྲིམ་འགྲུལ་ནི་བོད་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ཁྲོད་ཀྱི་མངོན་གསལ་དོད་པའི་ཞན་ཆ་ཞིག་ཡིན་ལ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་ནི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་གལ་ཆེན་ཞིག་ཡིན། མིག་སྔའི་བར་བོད་ལྗོངས་སུ་ད་དུང་ཤང་1དང་།  སྒྲིག་གཞི་ཚང་བའི་གྲོང་ཚོ་12ལ་གཞུང་ལམ་ཤར་གཏོང་ཐུབ་མེད་ལ། ཤང་དང་གྲོང་རྡལ་9དང་སྒྲིག་གཞི་ཚང་བའི་གྲོང་ཚོ་1227ལ་ཤར་བགྲོད་ཀྱི་གནད་དོན་སྔར་བཞིན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
     2018ལོར་བོད་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱེད་ཤུགས་ལ་སྔར་བས་སྐུལ་འདེད་བཏང་ནས་། ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར372.9བཏང་ཞིང་། རྣམ་གྲངས་1249ལག་བསྟར་བྱ་རྒྱུའི་མཆན་འགོད་བཀའ་ལན་བྱས་པ་དང་། གསར་སྐྲུན་བྱས་པའི་གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི་1.3ཟིན་ཡོད་པ་རེད། ཨར་འདམ་ལམ་ཤར་གཏོང་ཐུབ་པའི་ཤང་དང་གྲོང་རྡལ་34དང་། སྒྲིག་གཞི་ཚང་བའི་གྲོང་ཚོ533གསར་འཕར་བྱུང་ཡོད་ལ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་82.5%དང་47.9%ཟིན་ཡོད་པ་རེད།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དང་། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་མ་གཏོང་ཆེད་འགྲིམ་འགྲུལ་གྱིས་འདེགས་སྐྱོར་ནུས་པ་མཁོ་འདོན་བྱས་ཡོད་། 2018ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་32.5བཏང་ནས་ཐོན་ཁུངས་ལམ་དང་།  ཐོན་ལས་ལམ། ཡུལ་སྐོར་ལམ་བཅས་ཀྱི་རྣམ་གྲངས་177འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་24.4ཡིས་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ནང་ཞུགས་པས།  ཡོང་འབབ་སྒོར་དུང་ཕྱུར་69.4འཕར་སྣོན་བྱུང་ནས། མི་རེར་ཆ་སྙོམས་སྒོར་ཁྲི་2.9ཙམ་བྱུང་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་68863ཟིན་ཡོད་པ་རེད།
ཟླ་3ཚེས་10ཉིན། བཟོ་པས་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལམ་དུམ་གྱི་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ།
ཟླ་3ཚེས་10ཉིན། བཟོ་པས་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལམ་དུམ་གྱི་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ།