འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་18ཉིན།

༄༅༎ཧན་ཀྲེང་གིས་འཇར་མན་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་
ཞའོ་ཨར་ཚི་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་ཀྲུང་ནན་ཧའེ་ཙེ་ཀོང་ཀེ་རུ། ཀྲུང་གོར་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་མཐོ་རིམ་ནོར་དངུལ་གླེང་མོལ་ཐེངས་གཉིས་པར་ཞུགས་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཞའོ་ཨར་ཚི་དང་མཇལ་འཕྲད་གནང་བ་རེད།
ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་ཀྲུང་ནན་ཧའེ་ཙེ་ཀོང་ཀེ་རུ། ཀྲུང་གོར་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་མཐོ་རིམ་ནོར་དངུལ་གླེང་མོལ་ཐེངས་གཉིས་པར་ཞུགས་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཞའོ་ཨར་ཚི་དང་མཇལ་འཕྲད་གནང་བ་རེད།
     མི་དམངས་དྲ་བའི་འཕྲིན། ཚེས་ 17 ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་ཀྲུང་ནན་ཧའེ་ཙེ་ཀོང་ཀེ་རུ། ཀྲུང་གོར་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་མཐོ་རིམ་ནོར་དངུལ་གླེང་མོལ་ཐེངས་གཉིས་པར་ཞུགས་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཞའོ་ཨར་ཚི་དང་མཇལ་འཕྲད་གནང་བ་རེད།
     ཧན་ཀྲེང་གིས། ཀྲུང་འཇར་གྱི་འབྲེལ་བའི་འཕེལ་ཕྱོགས་ལེགས་པོ་ཡོད་པ་དང་། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2014ལོར་འཇར་མན་ལ་རྒྱལ་དོན་འཚམས་འདྲི་གནང་སྟེ་ཕྱོགས་གཉིས་པོས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་ཇེ་ཟབ་ཏུ་ཕྱིན་ཡོད་ལ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། དངོས་སྒྲུབ་མཉམ་ལས་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད་ཅེས་དང་། ཕྱོགས་གཉིས་པོས་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་མཐོ་རིམ་ནོར་དངུལ་གླེང་མོལ་གྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་སྒྲིག་སྲོལ་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ། དེང་སྐབས་འཛམ་གླིང་གི་གཉིས་ཁེ་གཉིས་ཕན་ཡོང་བ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་དཔེ་མཚོན་དུ་འགྱུར་རྒྱུ་དང་དེ་ལ་སྣེ་ཁྲིད་བྱེད་པའི་རེ་བ་ཡོད་ཅེས་བརྗོད།
     ཞའོ་ཨར་ཚི་ཡིས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཇར་མན་དང་ཀྲུང་གོ་སྲིད་གཞུང་དབར་གྱི་གྲོས་མོལ་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས་ཐུན་མོང་ཐོག་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་དར་རྒྱས་ཡོང་བར་སྐུལ་འདེད་བྱེད་འདོད་ཡོད་ཅེས་བརྗོད།