འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་18ཉིན།

༄༅།།མཚོ་སྔོན་གྱིས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་མ་ཐུབ་མཁན་ལ་སྐོང་འདྲི་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མ་གཅིག་ཀྱང་མི་ཆད་པའི་འགན་ལེན་བྱ་ཆེད། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས《སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ“སློབ་གྲྭར་འགྲོ་ཐུབ་པ་དང་། གནས་ཐུབ་པ། སློབ་སྦྱོང་ཡག་པོ་ཐུབ་པ”བཅས་གྱི་མཚོ་སྔོན་ཞིང་ཆེན་གྱི་བྱེད་ཐབས་འགའ་ཞིག》བཏོན་པ་དང་། དེའི་ནང་ངོས་འཛིན་གསལ་པོ་མ་བྱུང་བ་དང་། ལས་འགན་ཡག་པོ་སྒྲུབ་མ་ཐུབ་པ། གཡོ་ཟོལ་རྫུན་སྒྲིག་བྱེད་པ། རྟག་ཏུ་རྗེས་སུ་ལུས་པ་མ་ཟད། ཤུགས་རྐྱེན་ངན་པ་བཟོ་བའི་ཚན་པ་དང་མི་སྒེར་ལ་སྐོང་འདྲི་བྱ་རྒྱུ་མ་ཟད། འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུའི་བླང་བྱ་བཏོན་པ་རེད།
     བྱེད་ཐབས་ནང་བླང་བྱ་བཏོན་དོན། སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་གཞི་རྩའི་གྲངས་གཞིར་དབྱེ་ཞིབ་ནན་ཏན་བྱས་ཏེ་ཁ་ཏ་བསླབ་བྱ་བྱས་ནས་བསྐྱར་དུ་སློབ་གྲྭར་ལོག་པའི་སློབ་མར་རྩིས་ཁྲ་ཞིབ་ཚགས་བཟོས་ཏེ་གྲངས་གཞི་གསལ་བ་དང་། མི་གྲངས་གནད་ལ་འཁེལ་བ། ཁ་ཕྱོགས་གསལ་བ་བཅས་ཡོང་བར་བྱེད་དགོས། མི་རེར་རེའུ་མིག་རེ་ཡོད་པར་བྱས་ནས་མི་རེར་གློག་རྡུལ་དང་ཤོག་བུའི་ཡིག་ཚགས་རེ་བཟོ་བ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་APPཡི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་ཀའི་རྩིས་ཁྲའི་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཞིབ་བཤེར་དང་བསྐྱར་དུ་སློབ་གྲྭར་ལོག་པའི་སློབ་མའི་ཡིག་ཆ་བདེན་པ་བདེན་ཐུབ་དང་ཡིད་ཆེས་ཆོག་པའི་འགན་ལེན་བྱས་ཏེ“གྲངས་གཞི་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི”སྣང་ཚུལ་མི་ཐོན་པར་བྱེད་དགོས།
     མཚོ་སྔོན་གྱིས་བསྐྱར་དུ་སློབ་གྲྭར་ལོག་པའི་སློབ་མར་གཅེས་སྐྱོང་དང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་དགེ་རྒན་དང་སློབ་མ་ཆ་སྒྲིག་དང་སློབ་མའི་དབར“ལག་གདང་སྦྲེལ་བ”སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་གཅེས་སྐྱོང་དང་སློབ་རོགས་ཀྱི་ལས་དོན་སྤེལ་རྒྱུ་དང་། ཁྱིམ་ཚང་དང་སློབ་གྲྭའི་དབར་འབྲེལ་གཏུག་གི་ལམ་ལུགས་བཙུགས་ནས་དུས་བཀག་ལྟར་ཁྱིམ་བདག་སློབ་གྲྭར་གདན་དྲངས་ནས་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་ལྟ་སྐོར་དང་ཤེས་རྟོགས་བྱས་ཏེ་སློབ་གྲྭ་དང་སློབ་མའི་ཁྱིམ་བདག་དང་། དེ་བཞིན་ཁྱིམ་བདག་དབར་སྤེལ་རེས་ཟབ་ཏུ་བཏང་ནས“ཁྱིམ་བདག་བློ་བདེ་བ་དང་སློབ་མ་གནས་བཟོད་བདེ་བའི”རྣམ་པ་ཞིག་གཏོད་རྒྱུ་ཡིན་པ་རེད།
     བྱེད་ཐབས་ནང་བཏོན་དོན། མི་རིགས་ས་ཁུལ་གྱིས“སྐད་གཉིས”སློབ་ཁྲིད་མཐའ་འཁྱོངས་བྱས་ནས་བསྐྱར་དུ་སློབ་གྲྭར་ལོག་པའི་སློབ་མའི་སྐད་ཡིག་གི་གོ་བརྡ་སྤྲོད་ནུས་གསོ་སྐྱོང་བྱས་ནས་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པ་དང་དུས་མཚུངས། སྤྱི་སྐད་ཁྱབ་གདལ་ཧུར་ཐག་གཏོང་བ་དང་སྤྱི་སྐད་ཀྱི་སྤེལ་རེས་འཇོན་ཐང་ཆེ་རུ་བཏང་སྟེ་སློབ་མས་གོམ་སྟབས་རྗེས་མའི་སློབ་གསོ་དང་ལེན་དང་སྤྱི་ཚོགས་ཐོག་བསྐྱོད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས།
     མཚོ་སྔོན་གྱིས་སྤྱི་ཚོགས་དང་། ཁྱིམ་ཚང་། སློབ་གྲྭ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་མཉམ་དུ་ཞུགས་རྒྱུར་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་གྲུབ་ཀྱིས་2020ལོའི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བའི་དམིགས་ཚད་ལས་འགན་95%ཡན་སྔ་ས་ནས་མངོན་འགྱུར་ཡོང་བའི་འགན་ལེན་བྱ་རྒྱུ་རེད།