འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་18ཉིན།

༄༅།།འདི་ལོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ཁུལ་གསར་དུ་སྣོན་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ལྷ་ས་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོཌ་བྱུང་བར། འདི་ལོར་ལམ་ངོས་ཁྲོམ་རས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གད་སྙིགས་རིགས་དབྱེའི་ཐག་གཅོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ད་ཡོད་ཀྱི་ཚོད་ལྟའི་ས་ཁོངས་ཀྱི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད(སྲིད་གཞུང)དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས། བོད་རང་སྐྱོང་ལྗོངས་སྲིད་གྲོས། བོད་ལྗོངས་སློབ་ཆེན་སློབ་ཁུལ་གསར་པ། ཏུང་ཡོན་སོགས་ཚོད་ལྟའི་ས་ཁོངས་གསར་དུ་སྣོན་རྒྱུ་ཡིན་པ་དང་། ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་དང་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ་དུ་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
     བཀོད་སྒྲིག་གཞིར་བཟུང་། ལམ་ངོས་ཁྲོམ་རས་2020ལོའི་ལོ་མཇུག་བར་གད་སྙིགས་རིགས་དབྱེའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ། འཚོ་བའི་གད་སྙིགས་ཚུར་བསྡུ་བེད་སྤྱོད་བྱེད་ཚད་35%ཡན་ཟིན་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད། ན་ནིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མ་འཇོག་ཁོར་ཡུག་སྲུང་སྐྱོང་ཚོགས་པས་གྲོང་ཨུད་ཀྱི་སྒོ་ར་དང་། གྲོང་ཁྱེར་སྲིད་གཞུང་གི་སྒོ་ར། ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པ། ལི་ཡེ་ཡོན་ཁུལ་ཆུང་སོགས་ཀྱི་སྒོ་རར་འཚོ་བོའི་གད་སྙིགས་རིགས་དབྱེའི་སྒྲིག་ཆས་300སྒྲིག་སྦྱོར་སྙོམས་སྒྲིག་ཚོད་ལྟ་བྱས་པ་དང་འབྲེལ། སྒྲིག་ཆས་བེད་སྤྱོད་དང་གད་སྙིགས་རིགས་དབྱེ་བྱེད་སྟངས་དྲིལ་བསྒྲགས་གསོ་སྦྱོང་ཧུར་ཐག་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ལྷ་ས་གྲོང་ཁྱེར་མ་འཇོག་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་ལས་དོན་མི་སྣས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གི་ལས་དོན་མི་སྣ། ཟ་ཁང་གི་ལས་དོན་མི་སྣ། རྒྱབ་ཕྱོགས་ཀྱི་གཙང་སྦྲ་བྱེད་མཁན་སོགས་མི་60ལྷག་ཙམ་ལ་འཚོ་བའི་གད་སྙིགས་རིགས་དབྱེའི་གསོ་སྦྱོང་བྱས་པ་དང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་དགེ་སློབ་100ལྷག་ཙམ་ལ་འཚོ་བའི་གད་སྙིགས་རིགས་དབྱེའི་ཤེས་བྱ་སྒྲོག་སྦྱངས་བྱས་པ། བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་འགྲམ་དང་ལི་ཡེ་ཡོན་ཁུལ་ཆུང་སོགས་སུ་འགྲོ་འོང་བྱེད་མཁན་མང་ཚོགས་དང་གནས་སྡོད་དུད་ཚང་ལ་དྲིལ་བསྒྲགས་བྱས་པ་བཅས་རེད།
     འདི་ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་ཡོངས་སུ་གད་སྙིགས་རིཌ་དབྱེ་ཁྱབ་གདལ་དང་དངོས་ཡོད་ལས་དོན་རྒྱ་ཁྱབ་ངང་སྤེལ་རྒྱུ་ཡིན་པ་དང་འབྲེལ། གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཀྱི་མཐའ་སྣེའི་ཐག་གཅོད་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་ནས་གད་སྙིགས་རིགས་དབྱེའི་ལས་དོན་སྔར་བས་གཞི་གཅིག་ཅན་དང་ཚད་ལྡན་ཅན་དུ་གཏོང་རྒྱུ་ཡིན་པ་རེད།