འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་18ཉིན།

༄༅།།2018ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་སུ་མ་འཇོག་ཨ་སྒོར་དུང་ཕྱུར་1298.3བྱས་པ། 

བརྟན་པོ་དང་སྐྱོན་བྲལ་གྱི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2018ལོ་འཁོར་མོར་རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་1298.3བྱས་པ་དེ་དུས་མཚུངས་ལས་4.2%འཕར་ཡོད།
         དེའི་ནང་ཕྱི་ཕྱོགས་སུ་དངུལ་རྩའི་རིགས་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་93.3བྱས་པ་དེ་དུས་མཚུངས་ལས་105.1%འཕར་བ་དང་ཕྱི་ཕྱོགས་སུ་དངུལ་རྩའི་རིགས་མིན་པར་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་1205བྱས་པ་དེ་དུས་མཚུངས་ལས་0.3%འཕར་ཡོད།
        ཚོང་དོན་པུའུ་མཉམ་ལས་སིའི་སིའི་ཀྲང་གཞོན་པ་ཧན་ཡུང་གིས་2018ལོ་འཁོར་མོར་རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་56ལ་དངུལ་རྩའི་རིགས་མིན་པའི་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་156.4བྱས་པ་དེ་དུས་མཚུངས་ལས་8.9%འཕར་ནས་དུས་མཚུངས་ཀྱི་བསྡོམས་འབོར་གྱི་13%བཟུང་ཡོད་ཅེས་ངོ་སྤྲོད་བྱས།
       ཕྱི་ཕྱོགས་སུ་མ་འཇོག་བྱེད་པའི་གྲུབ་ཆར་བལྟས་ན། ཕྱི་ཕྱོགས་ལ་མ་རྩ་གཏོང་ཕྱོགས་གཙོ་བོ་བོགས་གཏོང་དང་། ཚོང་དོན་ཞབས་ཞུའི་ལས་རིགས། བཟོ་སྐྲུན་ལས་རིགས། སྡེབ་ཚོང་དང་སིལ་ཚོང་ལས་རིགས། གཏེར་འདོན་ལས་རིགས་བཅས་ཡིན་པ་དེ་དག་གིས་37%དང་། 15.6% 8.8% 7.7%བཅས་སོ་སོར་བཟུང་ཡོད། ཐོན་ལས་གསུམ་པར་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་842.5བྱས་པ་དེ་དུས་མཚུངས་ལས་3.6%འཕར་ནས་69.9%བཟུང་ཡོད། “ས་ཁང་བདག་ལས་དང་། ལུས་རྩལ། རོལ་རྩེད་ལས་རིགས་བཅས་ཀྱི་ཕྱི་ཕྱོགས་ལ་མ་འཇོག་བྱེད་པའི་རྣམ་གྲངས་གསར་པ་འཕར་སྣོན་མེད་པ་དང་ལུགས་མཐུན་མིན་པའི་མ་འཇོག་མུ་མཐུད་བཀག་འགོག་ནུས་ལྡན་ཐུབ་ཡོད”ཅེས་ཧན་ཡུང་གིས་བརྗོད།
         ཕྱི་ཕྱོགས་སུ་མ་འཇོག་བྱེད་ཐབས་ལ་བལྟས་ན། ཁེ་ལས་ཀྱིས་ཕྱི་ཕྱོགས་ལ་མ་འཇོག་བྱས་ནས་མཉམ་ཉོ་བྱེད་མང་བས་རྒྱལ་ཁོངས་ཕྱིར་མ་རྩ་མཉམ་འདྲེས་བྱེད་པའི་བསྡུར་ཚད་མཐོ་པོ་ཡོད། གཞན་ཡང་དངོས་པོ་མ་རྩར་འཇོག་པ་དང་། རྐང་དབང་ཚབ་བརྗེ། མཉམ་འབྲེལ་མ་འཇོག དམིགས་བསལ་ཚོང་གཉེར། མ་འཇོག་དང་གཉེར་སྐྱོང་གཞི་གཅིག་སོགས་ཀྱི་ཕྱི་ཕྱོགས་མ་འཇོག་བྱེད་སྟངས་ལའང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད།
         ཧན་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་རྒྱལ་ཁོངས་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་འཛུགས་སྐྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2018ལོའི་ལོ་མཇུག་བར། མཉམ་ལས་ཁུལ་ནང་ཚུད་པའི་ཁེ་ལས་ཁྱོན་933ཡོད་པར་བསྡོམས་རྩིས་བརྒྱབ་ན་མ་འཇོག་ཨ་སྒོར་དུང་ཕྱུར་209.6བྱས་པ་དང་། མགྲོན་བདག་རྒྱལ་ཁབ་ཀྱིས་དཔྱ་ཁྲལ་ཨ་སྒོར་དུང་ཕྱུར་22.8བསྐྱལ་བ། ལས་ཞུགས་ཀྱི་ལས་གནས་ཁྲི་14.7བཏོད་པ་བཅས་ལས་གཉིས་ཁེ་གཉིས་ཕན་བྱུང་ཡོད། དེའི་ནང་2018ལོར་མ་འཇོག་གསར་སྣོན་ཨ་སྒོར་དུང་ཕྱུར་25བྱས་པ་དང་མགྲོན་བདག་རྒྱལ་ཁབ་ཀྱིས་དཔྱ་ཁྲལ་ཨ་སྒོར་དུང་ཕྱུར་5.9བསྐྱལ་ཡོད་པ་རེད།