འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅།།2018ལོའི་ཟླ་12པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
ལས་འགལ་བའི་གནད་དོན་9350ཞིབ་བཤེར་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་ཡོངས་བསྒྲགས་བྱས་པར་། 2018ལོའི་ཟླ་12པར་རྒྱལ་ཡོངས་ནས་ཁྱོན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་9350ཞིབ་བཤེས་ཐག་གཅོད་བྱས་པའི་ནང་། མི་13411ལ་ཆད་པ་བཅད་པ་དང་། མི་9748ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་པ་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་ཏང་སྒྲིག་སྲིད་དོན་གྱི་ཆད་པ་ཕོག་མཁན་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་5དང་།   ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་97   རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ852   ཤང་དང་ཁའོ་རིམ་པའི་ལས་བྱེད་པ8794བཅས་ཡོད་པ་རེད།
  རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་གནས་ཚུལ་ཤེས་རྟོགས་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཁག  ཀྲུང་དབྱང་གི་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ཁེ་ལས་བཅས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་གནས་ཚུལ་སྐོར་གྱི་ཟླ་རེའི་སྙན་ཞུའི་ལམ་ལུགས་བཙུགས་ཡོད་པ་རེད།
     2018ལོའི་ཟླ་12པར་གནད་དོན་9350ཞིབ་བཤེར་བྱུང་ཡོད་པའི་ནང་།  སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་སྤྲོད་པའི་གནད་དོན་2584དང་།  སྒྲིག་འགལ་ངང་ལག་རྟགས་དང་དངུལ་སྤྲད་པའི་གནད་དོན་1803 སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་བཏུང་བྱས་པའི་གནད་དོན་1508 སྒྲིག་འགལ་ངང་གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་པའི་གནད་དོན་1105 ཚད་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་ནམ་དང་ལེན་བྱས་པ་དང་།  གཞུང་དངུལ་སྤྱད་དེ་རིན་གོང་མཐོ་བའི་རོལ་རྩེད་ཀྱི་བདེ་ཐང་བྱེད་སྒོ་དང་ལེན་བྱས་པ།  སྒྲིག་འགལ་ངང་མི་སྒེར་གྱི་འདུ་འཛོམས་བྱ་ཡུལ་དུ་ཕར་འགྲོ་ཚུར་འོང་བྱེད་པ།  འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་ཁྲིམས་ལས་འགལ་བ། དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་གསོལ་སྟོན་གདན་ཞུ་བྱས་པ་དང་ལེན་བྱེད་པ་སོགས་ཀྱི་གནད་དོན་796ཡོད་པ།  འདས་མཆོད་དང་མཉེན་སྒྲིག་གཟབ་རྒྱས་སྤེལ་བའི་གནད་དོན་758   གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་བྱས་པའི་གནད་དོན་501 ཐོག་ཁང་དང་ཟ་ཁང་འགྲོན་ཁང་བཅས་སུ་སྒྲིག་འགལ་བྱས་པའི་གནད་དོན་274 གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པའི་གནད་དོན་21བཅས་ཡོད།