འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་17ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། 
འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་
དགོས》ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་17ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཀྱི་དུས་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་དགོས》ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ་བ་རེད།
    རྩོམ་ཡིག་ནང་ནན་བཤད་བྱས་དོན། ལོ་རྒྱུས་ཀྱི་ཉམས་མྱོང་ལེན་རྒྱུ་མཐོང་ཆེན་བྱེད་པ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད། ང་ཚོས་ཀྲུང་གོའི་ལོ་རྒྱུས་ཐོག་གི་སྲོལ་ལུགས་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་སྲོལ་ལུགས་ཀྱི་ཐོབ་ཤོར་ཤེས་རྟོགས་བྱས་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་དཔྱད་གཞི་ཁག་གཅིག་མཁོ་འདོན་བྱ་ཆེད་རེད། ཡང་དག་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་དེ་ཡང་དག་པའི་རྩ་འཛུགས་ཀྱི་ལམ་ཕྱོགས་ལ་བརྟེན་ནས་འགན་ལེན་བྱེད་དགོས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱོད་ཡོན་གྱི་ཚད་གཞི་ནན་དུ་གཏོང་བ། གཞུང་དྲང་མི་སྤྱོད་མཐའ་འཁྱོངས་བྱེད་པ། མི་སྤྱོད་ཀྱི་མཐོང་རྒྱ་ཡངས་སུ་གཏོང་བ། ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་དགོས། རྩོམ་ཡིག་ནང་བསྟན་དོན། སྤྱོད་ཡོན་གྱི་ཚད་གཞི་ནན་དུ་གཏོང་དགོས་ཤིང་། ལས་བྱེད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། སྤྱི་ཚོགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་སོགས་ཀྱི་ཐད་ཚང་མ་ཉམས་སད་ཐེག་ཐུབ་པ་ཞིག་བྱེད་པའི་གལ་འགངས་ཆེ་ཤོས་ནི་ཆབ་སྲིད་ཀྱི་ཀུན་སྤྱོད་ཉམས་སད་ཐེག་ཐུབ་པ་བྱེད་རྒྱུ་དེ་རེད། གཞུང་དྲང་མི་སྤྱོད་མཐའ་འཁྱོངས་བྱེད་དགོས་ཤིང་། གཞུང་དྲང་མི་སྤྱོད་ནི་རང་རེའི་ཏང་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་དེ་རྩ་འཛུགས་ཀྱི་ལམ་ཕྱོགས་ཐད་མངོན་པར་བྱས་ནས་དེ་ཉིད་ང་ཚོའི་མི་འདེམས་མི་སྤྱོད་ཀྱི་རྩ་བའི་བླང་བྱར་འགྱུར་བ་བྱེད་དགོས། གཞུང་དྲང་མི་སྤྱོད་ཀྱི་གཞུང་དྲང་ནི་སྤྱི་སེམས་དང་། གཞུང་དྲང་ནི་བྱ་གཞག གཞུང་དྲང་ནི་སྤྱོད་བཟང་བཅས་ལ་ཐུག་ཡོད། མི་སྤྱོད་ཀྱི་མཐོང་རྒྱ་ཡངས་སུ་གཏོང་དགོས་ཤིང་། མཐོང་རྒྱ་ཡངས་སུ་གཏོང་བར་ལས་བྱེད་པའི་དཔུང་ཁག་དང་ཕྱོགས་ཁག་གི་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པར་མི་འདེམས་མི་སྤྱོད་ཐད་འགན་འཁྲི་ཁུར་ཕོད་པ་བྱ་རྒྱུར་སྣང་ཆེན་དང་འགན་འཁྲི་ལྕི་པོ་ཁུར་ཕོད་པ་བྱེད་པའི་སྟོན་ཕྱོགས་གསལ་པོ་ཞིག་མངོན་པར་བྱས་ནས་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་ལྕག་བྱེད་དགོས།