འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅༎མ་ཞེད་དང་། ངེད་ཚང་ལ་ཤོག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མ་ཞེད་དང་། ངེད་ཚང་ལ་ཤོག
     མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་དུ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་རོགས་སྐྱོབ་ས་ཚིགས་ཤིག་སྟེ། ཀོའུ་ལི་ཤང་ཧེ་ཀྲི་ལུང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རོགས་སྐྱོར་ས་ཚིགས་ཞེས་པ་ཞིག་ཡོད། རིག་བྷོ་དང་བདེ་སྐྱིད་འཚོ་བཟའ་ཟླ་གཉིས་ཀྱིས་2010ལོ་ནས་བཟུང་། བུ་མོ་ཁྲིད་དེ་རྫོང་མཁར་ནས་གངས་ལྗོངས་ས་མཐོའི་སྡོད་མི་ཉུང་བའི་སྟབས་བདེའི་ཁང་པ་རུ་སྤོས་ཏེ། ཁྱིམ་ཚང་གང་བོ་རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པའི་ལས་ཀའི་ནང་ཞུགས་ཡོད།
     འདི་གའི་ས་བབ་མཐོ་ཚད་ནི་སྨི་4000ལྷག་ཙམ་ཡིན་ལ། འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ཞན་ཞིང་། སྔོ་ཚོད་ཀྱི་རིགས་མཐོང་དཀོན་ལ། དགུན་ཁར་ཐ་ན་གངས་ཆུ་ལ་བརྟེན་ནས་འཚོ་བ་རོལ་དགོས་འདུག རིག་བྷོ་བཟའ་མི་གང་བོས་རོགས་སྐྱོབ་བྱས་པའི་རི་སྐྱེས་སྲོག་ཆགས་དག་རང་གི་ཕྲུ་གུ་ལྟར་ལྟ་རྟོག་བྱེད་ཀྱི་ཡོད་ལ། དེ་དག་བདེ་ཐང་དུ་གྱུར་ནས་རང་བརྟེན་གྱིས་འཚོ་བ་རོལ་ནུས་ལྡན་དུས་ཕྱིར་རང་བྱུང་ཁམས་སུ་གློད་ཀྱི་ཡོད།
     ད་ལྟ། རིག་བྷོ་ཚང་གིས་རོགས་སྐྱོབ་བྱས་པའི་རི་སྐྱེས་སྲོག་ཆགས་ནང་དགོ་བ་དང་། ཤྭ་དམར། ཤྭ་སྐྱ། གནའ་བ་སོགས་18ཡོད་པ་རེད།
༄༅༎མ་ཞེད་དང་། ངེད་ཚང་ལ་ཤོག