འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅༎ཧྥུའུ་ཅན་གྱིས་ཅིན་མན་མ་ཙུའུ་ལ་ཆུ་དང་། གློག སོལ་རླངས། ཟམ་པ་ཤར་གཏོང་
ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཕུའུ་ཀྲོའུ་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གསར་འགོད་པར་ཕུའུ་ཅན་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཐོག་ནས་ཤེས་རྟོགས་བྱུང་གསལ། 2019ལོར་ཕུའུ་ཅན་གྱིས་ཕུའུ་ཅན་དང་ཐའེ་དབན་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཅིན་མན་མ་ཙུའུ་ལ་ཆུ་དང་། གློག སོལ་རླངས། ཟམ་པ་བཅས་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
     ཧྥུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་ཐང་ཏེང་ཅེས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས། 2018ལོར་ཧྥུའུ་ཅན་དང་ཐའེ་དབན་དབར་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་800ཙམ་ཟིན་པ་དང་། སྤུན་ཟླ་ཐའེ་དབན་བ་ཕུའུ་ཅན་དུ་བསྐྱོད་པའི་མི་ཐེངས་17.7%འཕར་ཡོད། ཐའེ་དབན་གྱི་གྲོང་མིའི་གནས་སྡོད་ལག་ཁྱེར་འདུན་ཞུ་སོཌ་ཀྱི་དམངས་ཕན་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་གསར་པར་སྐུལ་འདེད་བཏང་སྟེ་ཕུའུ་ཅན་དུ་ལས་ཞུགས་ལས་གཏོད་བྱེད་པར་ཡོང་མཁན་ཐའེ་དབན་གྱི་གཞོན་ནུའི་མི་གྲངས་སྐམ་སའི་མདུན་གྲལ་དུ་སླེབས་ཡོད། ཕུའུ་ཅན་གྱིས་ཅིན་མན་ལ་ཆུ་མཁོ་སྤྲོད་བྱེད་པའི་ལས་གྲྭ་ནས་ཆུ་ཤར་གཏོང་ཐུབ་སྟེ“ངོགས་གཉིས་ཁྱིམ་གཅིག་ལྟར་བརྩེ། གཙང་པོ་གཅིག་ནི་མཉམ་དུ་སྤྱོད་པའི”མཛེས་སྡུག་ལྡན་པའི་འདུན་པ་དངོས་ཡོད་དུ་འགྱུར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།