འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅༎2019ལོའི་ཀྲུང་གོའི་ཟློས་གར་སློབ་གླིང་གི་སློབ་བསྡུའི་ཁ་ཕྱོགས་མང་ཆེ་བར་སློབ་ཡོན་མི་བསྡུ་བའི་
སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་ཟློས་གར་སློབ་གླིང་གི་2019ལོའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ངོ་སྤྲོད་མདོར་བསྡུས་གཞིར་བཟུང་། ཅིན་ཅུས་ཟློས་གར་གྱི་འཁྲབ་སྟོན་དང་། ཅིན་ཅུས་ཟློས་གར་གྱི་རོལ་དབྱངས། ཁུན་ཧྲན་གྱི་ཁྲང་ཞི་འཁྲབ་སྟོན། ཁུན་ཧྲན་གྱི་རོལ་དབྱངས། ཟློས་གར་རིགས་སྣ་མང་གི་འཁྲབ་སྟོན། ཟློས་གར་རིགས་སྣ་མང་གི་རོལ་དབྱངས། ཟློས་གར་དང་གཞས་གདངས་རྩོམ་པ་སོགས་ཚུད་པའི་སློབ་བསྡུའི་ཁ་ཕྱོགས་མང་ཆེ་བར་མུ་མཐུད་སློབ་ཡོན་མི་བསྡུ་རྒྱུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་ཆབས་ཅིག སློབ་གླིང་གིས་འདི་ལོའི་ཟློས་གར་རིགས་མང་བའི་འཁྲབ་སྟོན་དང་ཟློས་གར་རིགས་མང་བའི་རོལ་དབྱངས་ཀྱིས་ཅང་ཤིས་ཀྱི་ཟློས་གར་དང་། ཧུའུ་ནན་ཟློས་གར་། རྔ་རྡུང་ཟློས་གར་བཅས་ཀྱི་ཁ་ཕྱོགས་ནས་བསྡུ་རྒྱུ་དང་། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཟློས་གར་རིགས་གསུམ་གྱི་སྒྲིག་གཞི་ཚང་བའི་དངོས་གཞིའི་ཚན་ཁག་གི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་ཡུལ་དང་པོར་འགྱུར་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་ཀྲུང་གོའི་ཟློས་གར་སློབ་གླིང་གིས་རྒྱལ་ཡོངས་ལ་ཕྱོགས་ནས་དངོས་གཞིའི་ཚན་ཁག་གི་སློབ་མ་515བསྡུ་རྩིས་ཡོད་པ་དང་། སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཚང་མར་ཞིང་ཆེན་གྱི་འཆར་གཞི་མི་དབྱེ་བར་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་གི་ཚན་ཁག་གཉིས་ཀ་ནས་བསྡུ་རྒྱུ་རེད། ཟློས་གར་རིགས་ཀྱི་ཆེད་ལས་ཀྱི་ལྟེ་བའི་གནས་བབ་སྔར་བས་མངོན་གསལ་དོད་པོ་ཡོང་ཆེད། སློབ་གླིང་གིས་ཟློས་གར་རིགས་ཀྱི་ཆེད་ལས་ཀྱི་སློབ་བསྡུའི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་འདི་ལོར་ཅིན་ཅུས་ཟློས་གར་གྱི་འཁྲབ་སྟོན་དང་། ཁུན་ཧྲན་གྱི་ཁྲང་ཞི་འཁྲབ་སྟོན། ཟློས་གར་རིགས་མང་བའི་འཁྲབ་སྟོན། ཟློས་གར་རིགས་མང་བའི་རོལ་དབྱངས། ཟློས་གར་གཟུགས་དབྱིབས་སློབ་གསོ་སོགས་ཀྱི་སློབ་བསྡུའི་ཁ་ཕྱོགས་ཀྱི་སློབ་བསྡུའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་རེད།
     ཟློས་གར་རིགས་ཀྱི་ཆེད་ལས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་ཆེད། སློབ་གླིང་གིས་ད་དུང་གློག་བརྙན་འཁྲབ་སྟོན་དང་། གློག་བརྙན་གྱི་འཁྲབ་འཁྲིད་པ། ཟློས་གར་ཞབས་བྲོ། རི་མོ་སོགས་ཀྱི་སློབ་བསྡུའི་ཁ་ཕྱོགས་ཀྱི་སློབ་བསྡུའི་གཞི་ཁྱོན་ཆུང་དུ་བཏང་ནས། ཆེད་ལས་དེ་དག་གིས་ཀྲུང་གོའི་ཟློས་གར་གྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་སྒྱུར་བཅོས་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་སུ་དང་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་རྒྱུའི་ལྕག་སྐུལ་བྱས་པ་རེད།
     གཞན་ཡང་ངོ་སྤྲོད་བྱས་པ་གཞིར་བཟུང་། སློབ་གླིང་གིས་རྒྱུགས་སྤྲོད་སློབ་མའི་ཆེད་ལས་ཆུ་ཚད་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པར་རྟོག་ཞིབ་བྱ་རྒྱུར་སྣང་ཆེན་བྱས་པ་དང་ཆབས་ཅིག རྒྱུགས་སྤྲོད་སློབ་མའི་རིག་གནས་བྱང་ཚད་ལ་སྔར་བས་སྣང་ཆེན་གྱིས་སློབ་བསྡུའི་ཁྲོད་ཀྱི་མཐོ་རྒྱུགས་སྐར་གྲངས་ཀྱི་བསྡུར་གྲངས་རིམ་གྱིས་མཐོ་རུ་བཏང་ཡོད། དཔེར་ན། ཟློས་གར་རིགས་ཀྱི་རྩོམ་རིག་དང་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ཀྱི་སློབ་བསྡུའི་ཁ་ཕྱོགས་གཉིས་ཀྱི་སློབ་བསྡུའི་རྩ་དོན་དེ་དེ་སྔའི“མཐོ་རྒྱུགས་ཀྱི་སྦྱངས་འབྲས་སློབ་གླིང་གི་སློབ་བསྡུའི་རང་དབྱེའི་སྐར་གྲངས་ལོན་པར་བྱེད་པ་དང་། ཆེད་ལས་ཀྱི་སྦྱངས་འབྲས་60%དང་མཐོ་རྒྱུགས་ཀྱི་སྦྱངས་འབྲས་40%བསྡོམས་ནས་སྤྱིའི་སྦྱངས་འབྲས་ཀྱི་གོ་རིམ་གཞིར་བཟུང་བསྡུ་གི་ཡོད་པ”དེ“མཐོ་རྒྱུགས་ཀྱི་སྦྱངས་འབྲས་རང་སློབ་གླིང་གི་སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞི་ལོན་པར་བྱེད་པ་དང་། ཆེད་ལས་ཀྱི་སྦྱངས་འབྲས་40%དང་མཐོ་རྒྱུགས་ཀྱི་སྦྱངས་འབྲས་60%བསྡོམས་ནས་སྤྱིའི་སྦྱངས་འབྲས་ཀྱི་གོ་རིམ་གཞིར་བཟུང་བསྡུ་རྒྱུར”བསྒྱུར་རྒྱུ་རེད།
     གཞན་ཡང་ངོ་སྤྲོད་བྱས་པ་གཞིར་བཟུང་། སློབ་གླིང་གིས་སྒྱུ་རྩལ་རིགས་མིན་པའི་རིག་གནས་ཐོན་ལས་དོ་དམ་གྱི་ཆེད་ལས་མུ་མཐུད་བསྡུས་ནས་འཁྲབ་ར་དང་ཟློས་གར་ཁང་གི་དོ་དམ་ལས་ཀ་བྱེད་འདོད་མཁན་དང་མཐོ་རྒྱུགས་ཀྱི་སྦྱངས་འབྲས་དངོས་གཞིའི་ཚན་ཁག་གི་རིམ་པ་དང་པོར་ཚུད་པའི་རྒྱུགས་སྤྲོད་སློབ་མས་མིང་ཐོ་འགོད་རྒྱུར་ལྕག་སྐུལ་བྱ་རྒྱུ་རེད།