འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅།།བེད་མེད་ས་ཆར་སྨན་རྩྭ་བཏབ་པས་གྲོང་མི་དབུལ་པོར་ཁེ་བཟང་རག་ནས་དབུལ་སྒྲོལ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་ཐི་ར་གསར་པ་གྲོང་ཚོ་གཉིས་པའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་མི་མང་པོ་འཛོམས་ནས་ཡོད། ཡོང་འབབ་བགོ་བཤའི་ཚོགས་ཆེན་གྱིས་ཚོགས་ར་ཡོངས་དེ་བས་འཁྲུག་ཏུ་སོང་། 2018ལོར་ཐི་ར་གསར་པ་གྲོང་ཚོ་གཉིས་པ་དབུལ་པོའི་གནས་ལས་ཐར་བ་རེད།
     2018ལོའི་ལོ་འགོར། ཐི་ར་གསར་པ་གྲོང་ཚོ་གཉིས་པས་ནུས་ཤུགས་ཡོད་རྒུས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་འབྲེལ། ལི་ཐང་རྫོང་གི་མཐོ་གྲང་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་ལེགས་ཆ་དང་གྲོང་ཚོ་དེའི་མུའུ་200ཙམ་གྱི་མཉམ་སྡེབ་བེད་མེད་ས་ཆ་སྤྱད་དེ། དཀར་མཛེས་ཀྲོའུ་སན་ཞང་ཞིང་འབྲོག་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་དང་ཀྲོའུ་ཞིང་ལས་ཚན་རིག་ཁང་དང་མཉམ་ལས་བྱས་ནས་ས་མཐོར་སྐྱེ་སླ་བའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་བཏབ་ཡོད། འཆར་གཞི་ལྟར། “ལི་ཐང་རྫོང་གི་ཐི་ར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང”དེ་ཉིད་རྒྱལ་ལམ་318རྒྱུད་ཀྱི་སྣེ་ཁྲིད་རང་བཞིན་དང་མཚོན་བྱེད་རང་བཞིན་ལྡན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་ཀྱི་མཉམ་ལས་ཁང་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་རེད།
     ཀུང་སི་དང་མཉམ་ལས་ཁང་དབར་བཞག་པའི་གན་རྒྱ་གཞིར་བཟུང་། མཐོ་གྲོང་གྲོང་རྡལ་ཐི་ར་གསར་པའི་གྲོང་ཚོ་གཉིས་པའི་ཁེ་བཟང་བགོ་བ་དེ་གྲོང་ཚོ་མཉམ་སྡེབ་དང་། དུད་ཚང་དབུལ་པོ། གྲོང་ཚོ་ཡོངས་ཀྱི་གྲོང་མི(དུད་ཚང་དབུལ་པོ་ཚུད་པ)བཅས་1:1:8ཀྱི་བསྡུར་ཚད་ལྟར་བགོས་པ་དང་། ཁེ་བཟང་གི་10%གྲོང་ཚོ་མཉམ་སྡེབ་ཀྱི་རྒྱུ་ནོར་དུ་བརྩིས་ནས་གྲོང་ཚོ་མཉམ་སྡེབ་ཀྱི་རྩིས་ཁྲའི་ནང་བཅུག་པ་དང་། ཁེ་བཟང་གི་10%དབུལ་སྐྱོར་མ་དངུལ་ལ་བརྩིས་ནས་དུད་ཚང་ལ་གཞིགས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཆ་སྙོམས་བགོས་པ། ཁེ་བཟང་གི་80%དུད་ཚང་ལ་གཞིགས་ཏེ་གྲོང་ཚོ་ཡོངས་ཀྱི་གྲོང་མི(དུད་ཚང་དབུལ་པོ་ཚུད་པ)ཆ་སྙོམས་ཐོག་བགོས་པ་བཅས་རེད། ད་ཐེངས་ཀྱི་ཁེ་བཟང་བགོ་བའི་ཚོགས་ཆེན་ཐོག་གྲོང་ཚོ་དེའི་དུད་ཚང་53གྱི་མང་ཚོགས་ལ་ཐོན་ལས་ཀྱི་ཁེ་བཟང་ཐེངས་དང་པོ་རག་པའི་ནང་། དུད་ཚང་དབུལ་པོ་རེར་སྒོར་1336དང་དབུལ་པོ་མིན་པའི་དུད་ཚང་རེར་སྒོར་1056རག་པ་དང་ཁྱོན་བསྡོམས་སྒོར་ཁྲི་6ཟིན་ཡོད། གཞན་ཡང་གྲོང་མིའི་གཱ་ནང་བླུཌ་པའི་ས་ཞིང་ནང་བཤུག་གི་དངུལ་དང་ངལ་ནུས་ཀྱི་གླ་ཆ་ཁྱོན་སྒོར་ཁྲི་22ཟིན་ཡོད་པ་རེད།
     ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འདི་ལོ་ཐི་ར་གསར་པའི་གྲོང་ཚོ་གཉིས་པ་ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་ཡོད། “ཁེ་བཟང་ལེན་རྒྱུ་བྱུང་བས་སེམས་ཧ་ཅང་དགའ་པོ་འདུག མིག་སྔར། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་སྐྱེས་འཚར་ལེགས་པ་དང་། ཕྱི་ལོ་དང་གནངས་ལོ་ནས་བཟུང་། སྨན་རྩྭ་ནས་ཁེ་བཟང་དེ་བས་ཡག་པོ་རག་རྒྱུ་ཡིན་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བ་མངོན་འགྱུར་ཐུབ་རྒྱུ་ཉག་གཅིག་རེད”ཅེས་ལི་ཐང་རྫོང་ཐི་ར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བས་དགའ་སྤྲོའི་ངང་བཤད།