འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅།།རང་རྒྱལ་གྱི་2018ལོའི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ལོ་རྒྱུས་ཀྱི་
ཟིན་ཐོ་གསར་པ་བཏོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཡོངས་བསྒྲཌ་བྱས་པའི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་2018ལོའི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་30.51ཟིན་ཏེ་2017ལོའི་ལོ་རྒྱུས་ཀྱི་མཐོ་གནས་ལས་སྒོར་དུང་ཕྱུར་ཁྲི་2.7མང་དུ་ཕྱིན་པ་དང་དུས་མཚུངས་ལས་9.7%འཕར་ཏེ་གཞི་ཁྱོན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
      འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལི་ཁུའེ་ཝུན་གྱིས་དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྒོར་དུང་ཕྱུར་ཁྲི་30ལྷག་ཟིན་པའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་ཁྲོད་ཕྱིར་གཏོང་གིས་སྒོར་དུང་ཕྱུར་ཁྲི་16.42བཟུང་ནས་7.1%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་14.09ཟིན་ཏེ་12.9%འཕར་བ། ཉོ་ཚོང་གི་འགྲིག་ཁྱད་སྒོར་དུང་ཕྱུར་ཁྲི་2.33ཟིན་ཏེ་18.3%ཆག་ཡོད་ཅེས་བརྗོད།
     ཨ་སྒོར་ལྟར་བསྡོམས་རྩིས་བརྒྱབ་ན། 2018ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར་ཁྲི་4.62ཟིན་ཏེ་12.6%འཕར་ཡོད། དེའི་ཁྲོད་ཕྱིར་གཏོང་ཨ་སྒོར་དུང་ཕྱུར་ཁྲི་2.48བྱས་པ་དེ་9.9%འཕར་བ་དང་། ནང་འདྲེན་ཨ་སྒོར་དུང་ཕྱུར་ཁྲི་2.14བྱས་པ་དེ་15.8%འཕར་བ། ཉོ་ཚོང་གི་འགྲིག་ཁྱད་ཨ་སྒོར་དུང་ཕྱུར་ཁྲི་3517.6ཟིན་ཏེ་16.2%ཆག་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། 2005ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10ལས་ཐོག་མར་བརྒལ་བ་དང་། 2010ལོར་སྒོར་དུང་ཕྱུར་ཁྲི་20ལས་བརྒལ་བ། 2018ལོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་སྒོར་དུང་ཕྱུར་ཁྲི་30ལས་བརྒལ་ཡོད།