འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་15ཉིན།

༄༅།མཚོ་སྔོན་དུ་ལོ་བརྒྱད་ནང་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ཐོན་མྱོང་མེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་15ཉིན། 11:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོཌབྱུང་བར། མཚོ་སྔོན་ཞིང་ཆེན་དུ་ཟླ་བ་98བསྟུད་མར་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ཐོན་མྱོང་མེད་པ་རེད། ཉེ་བའི་ལོ་གསུམ་ནང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་སྤྱིའི་འཕེལ་ཕྱོགས་སྤྱིར་ན་བརྟན་པོ་ཡོད་པ་དང་། མི་3ཡན་ཤི་བའི་ལས་འཛོལ་ཚབས་ཆེན་ལོ་རེ་བཞིན་ཐོན་ཉུང་དུ་འགྲོ་བཞིན་ཡོད་པ་རེད། 2018ལོར་མི་སྣ་ཤི་བའི་གྲངས་འབོར་ལོ་གོང་མ་ལས་4.7%ཆག་པ་དང་། མི་3ཡན་ཤི་བའི་ལས་འཛོལ་ཚབས་ཆེན་ཐོན་ཚད་63%ཆག་ཡོད་པ་རེད།
     ཉེ་བའི་ལོ་ཤས་ནང་། འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་སྡེ་ཚན་མཉམ་འགུལ་བྱས་ཏེ་མཐུན་སྦྱོར་མཉམ་བཅོས་ཀྱི་མཉམ་ཤུགས་ཆེ་རུ་བཏང་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་སྡུད་ཐོག་གནས་པའི་རྒྱལ་ལམ་དང་ཞིང་ཆེན་ལམ་དང་རིམ་མཐོའི་གཞུང་ལམ་424ཡི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་བརྡ་ཁྱབ་བཏང་སྟེ་བཅོས་སྒྲིག་འཆར་གཞིའི་ནང་བཅུག་ཡོད། ཞིང་ཆེན་ཡོངས་ཀྱི་ད་ཡོད་གཞུང་ལམ་གྱི་ཕུག་ལམ་148ལ་མཉམ་འབྲེལ་ཐོག་གྲལ་བཤེར་བཅོས་སྒྲིག་བྱས་པ་རེད། ཉེ་བའི་ལོ་3ནང་ཞིང་ཆེན་ཡོངས་ཀྱིས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁྲི་426.49ཞིབ་བཤེར་ཐག་གཅོད་བྱས་པ་དང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁྲི་980.3ཡོ་བསྲང་བྱེད་དགོས་པའི་སློབ་གསོ་བརྒྱབ་ཡོད་པ་རེད།