འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་14ཉིན།

༄༅།།“མཚོ་སྔོན་གྱི་བཅའ་ཁྲིམས་ཁྱབ་གདལ”2018ལོའི་ལོ་འཁོར་གྱི་ཀྲུང་གོའི་སྲིད་ཁྲིམས་ཀྱི་སྨྱན་སྦྱོར་གསར་
པ་ཕུལ་བྱུང་གི་མིང་ཐོའི་ནང་ཚུད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་14ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས།2018ལོའི་ཀྲུང་གོའི“དྲ་སྦྲེལ+སྲིད་ཁྲིམས་ཞབས་ཞུའི”ལས་སྟེགས་ཕུལ་བྱུང་གི་ཕྱོགས་བསྡུས་ཤུགས་རྐྱེན་ཐེབས་ཤུགས་ཀྱི་དཔྱད་དཔོག་སྙན་ཞུ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཡོངས་ཀྱི་ཁྲིམས་འཛིན་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པ་24དག་2018ལོའི་ལོ་འཁོར་གྱི་ཀྲུང་གོའི་སྲིད་ཁྲིམས་ཀྱི་སྨྱན་སྦྱོར་གསར་པ་ཕུལ་བྱུང་དུ་བདམས་པ་དང“མཚོ་སྔོན་གྱི་བཅའ་ཁྲིམས་ཁྱབ་གདལ”མིང་ཐོའི་ནང་ཚུད་ཡོད།
     སྙན་ཞུའི་ནང་། དྲ་རྒྱའི་འཚོལ་བསྡུ་དང་། ལས་ཁུངས་ཀྱི་འོས་སྦྱོར། རིགས་གཅིག་མཁས་ཅན་གྱི་འོས་སྦྱོར། ཕྱོགས་བསྡུས་དཔྱད་དཔོག་སོགས་ཀྱི་ཐད་ཀྲུང་དབྱང་དང་ས་གནས་ཀྱི་རིམ་ཁག་སྲིད་ཁྲིམས་ཨུ་ལྷན་དང་། སྤྱི་བདེ། ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན། ཡིག་བསྐུར་ངོ་བཅར་སོགས་སྲིད་ཁྲིམས་ལས་ཁུངས་ཀྱི་དྲ་ཚུགས་དང་དཔོད་ཆུང་། སྐད་འཕྲིན། དུད་སྣེ་སོགས་ཀྱི་སྲིད་ཁྲིམས་སྨྱན་སྦྱོར་གསར་པར་ཚད་ལེན་ཚོད་ལྟ་བྱས་མཐར་2018ལོའི་ལོ་འཁོར་གྱི་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི“དྲ་སྦྲེལ+སྲིད་ཁྲིམས་ཞབས་ཞུའི”ལས་སྟེགས་དང་། 2018ལོའི་ལོ་འཁོར་གྱི་ཀྲུང་གོའི་གསར་གཏོད་རྣམ་པའི“དྲ་སྦྲེལ+སྲིད་ཁྲིམས་ཞབས་ཞུའི”ལས་སྟེགས། 2018ལོའི་ལོ་འཁོར་གྱི་ཀྲུང་གོའི་ཕུལ་བྱུང་གི་སྲིད་ཁྲིམས་དྲ་ཚུགས། 2018ལོའི་ལོ་འཁོར་གྱི་ཀྲུང་གོའི་སྲིད་ཁྲིམས་སྨྱན་སྦྱོར་གསར་པ་ཕུལ་བྱུང་སོགས་དཔྱད་འདེམས་དང་འོས་སྦྱོར་བྱས་ཡོད་ཅེས་འཁོད་ཡོད།
     གོམ་སྟབས་རྗེས་མར“མཚོ་སྔོན་གྱི་བཅའ་ཁྲིམས་ཁྱབ་གདལ”གྱིས“མཚོ་སྔོན་མིའི་ཉེ་འགྲམ་གྱི་ཁྲིམས་གཞུང་ཆུང་ངུ་བཏོད་ནས་མང་ཚོགས་སེམས་ནང་གི་ཁྲིམས་སྐྱོང་ལྟ་བ་ཟབ་ཏུ་གཏོང་རྒྱུ”མཐའ་འཁྱོངས་བྱེད་པ་དང་། སྨྱན་སྦྱོར་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བ་དང་གསོན་ཉམས་དོད་པའི་བྱེད་སྟངས་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་དོན་སྤེལ་བ། རྒྱ་ཆེའི་དྲ་གྲོགས་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་དགོས་མཁོ་སྐོང་བར་ཞབས་འདེགས་ཧུར་ཐག་ཞུ་བ། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་གྱི་སྲིད་དོན་སྤུས་རྟགས་ཀྱི་གཟུགས་བརྙན་གསར་པ་གཏོད་རྒྱུ་རེད།