འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅།།ཚྭ་འདམ་གཤོང་སའི་འདྲེ་ཚེར་མ་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དུ་བདམས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཞིང་ལས་དང་གྲོང་གསེབ་པུས་ཉེ་ཆར་ཁག་གཉིས་པའི་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆའི་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཁྲོད་མཚོ་ནུབ་ཀྲོའུ་ཡི་ཚྭ་འདམ་གཤོང་སའི་འདྲེ་ཚེར་མ་ཚུད་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་ནུབ་ཀྲོའུ་ཡི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞིས་ཚུགས་ནས་འདྲེ་ཚེར་མའི་ཐོན་ལས་གླིང་སྐྲུན་པ་དང་སྲིད་ཇུས་དང་། མ་དངུལ། ལག་རྩལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱེད་ཐབས་བརྒྱུད་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་། ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ། ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྤུས་རྟགས་ཀྱི་ཤུགས་རྐྱེན་ཕོག་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས་རེད།
     2018ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་དེའི“སྤུས་རྟགས་གསུམ་དང་ཚད་གཞི་གཅིག”གི་ཁྲོད་འདྲེ་ཚེར་མའི་རིགས་23ཚུད་ཡོད་པ་རེད། ཞིང་ཆེན་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཁྲོད་འདྲེ་ཚེར་མའི་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཁེ་ལས་11ཡོད་པ་དང་ལོའི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་3ཡན་ཟིན་ཡོད་པ་རེད།