འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅།།ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་ལ“ཀྲུང་གོའི་སོས་དལ་གྲོང་གསེབ་མཛེས་ཤོས”ཀྱི་དམིགས་བསལ་
མཚན་སྙན་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང“2018ལོའི་ཀྲུང་གོའི་སོས་དལ་གྲོང་གསེབ་མཛེས་ཤོས”ནང་ཚུད་པའི་སྒོ་བྱང་ཉིན་ཤས་གོང་དངོས་སུ་བཀལ་བ་རེད།
     2017ལོའི་ཟླ་དྲུག་པར་མཁར་རུ་ཤང་དུ“སྟར་ཁའི་ཕ་ཡུལ་གྱི་དྲན་སེམས”ཞེས་པའི་གནད་སྨིན་དབུལ་སྐྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་དང་། ལུང་ཤུར་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་བཏང་ནས་སྲོལ་རྒྱུན་གྱི་ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་། མུའུ་བརྒྱ་ཟིན་པའི་ཁམ་བུའི་གླིང་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སོགས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་པར་བོད་དུ་ལྟ་སྐོར་ཟབ་མོ་དང་། དམངས་སྲོལ་རིག་གནས་ཉམས་ལེན། སྣོད་བཅུད་ཞིང་ལས་སོས་དལ་སོགས་གཞི་གཅིག་ཏུ་བསྡུས་ཡོད། བོད་ཀྱི་གྲོང་གསེབ་ཀྱི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་རྨང་གཞི་བརྟན་དུ་བཏང་བའི་ཁར། རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་ཕུགས་ཕན་སྲ་བརྟན་ཡོང་རྒྱུར་སྐུལ་འདེད་བཏང་སྟེ“གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་སྡེ”ཧུར་ཐག་བཏོད་ཡོད།