འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི“རྩེར་སོན་གསར་གཏོད་ཁུལ”བདུན་མང་དུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་གསལ། 2018ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་གྱི“རྩེར་སོན་གསར་གཏོད་ཁུལ”དང་། ཞིང་འབྲོག་ལས་ཚན་རྩལ་དབུལ་སྐྱོར་ཐོན་ལས་གླིང་གི“རྩེར་སོན་གསར་གཏོད་ཁུལ” ཇོ་རིའི་སྔོ་ཚལ་གྱི“རྩེར་སོན་གསར་གཏོད་ཁུལ”སོགས་རྒྱལ་ཁབ་རིམ་པའི“རྩེར་སོན་གསར་གཏོད་ཁུལ”བདུན་སྐྱེད་སྲིང་བྱས་པས། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི“རྩེར་སོན་གསར་གཏོད་ཁུལ”12ཟིན་ནས་ཞིང་འབྲོག་ཁུལ་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། “རྩེར་སོན་གསར་གཏོད་ཁུལ”ནི་དེང་རབས་ཞིང་ལས་ཚན་རྩལ་འཕེལ་རྒྱས་གཏོང་བའི་ཀུན་གཏོད་བར་མཐོངས་ཤིག་ཡིན་པ་དང་། ཞིང་འབྲོག་ལས་ཁྱབ་ཁོངས་ཀྱི་ཁེ་ལས་དང་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་བྱེད་པོར་ཕྱོགས་ཡོད། ཁྲོམ་ར་ཅན་གྱི་ལམ་སྲོལ་དང་། ཆེད་ལས་ཅན་གྱི་ཞབས་ཞུ། མ་རྩ་ཅན་གྱི་འཁོར་སྐྱོད་སོཌ་བརྒྱུད། གསར་གཏོད་ཀྱི་ཐོན་ཁུངས་དང་ལས་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོར་དམིགས་ནས་ཚན་རྩལ་དཔེ་སྟོན་དང་། ཤེས་ལྡན་མི་སྣ་གཅིག་སྡུད། ལག་རྩལ་འདུས་གྲུབ། གྲུབ་འབྲས་གཞན་སྒྱུར། ལས་གཏོད་སྐྱེད་སྲིང་། དངུལ་རྩའི་ཞབས་ཞུ་སོགས་གཞི་གཅིག་ཏུ་འདུས་པའི་གསར་གཏོད་ལས་གཏོད་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བསྐྲུན་པ་རེད།