མི་དམངས་དྲ་བ།

༄༅༎ཀྲུང་ཨ་བར་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་1ཚེས་10ཉིན། ཀྲུང་ཨ་བར་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་པའི་སྣེ་ལེན་ཚོགས་འདུ་ཚེས་10ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་འདུར་ཕེབས་ནས་གཏམ་བཤད་གནང་།

ཟླ་1ཚེས་10ཉིན། ཀྲུང་ཨ་བར་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་པའི་སྣེ་ལེན་ཚོགས་འདུ་ཚེས་10ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་འདུར་ཕེབས་ནས་གཏམ་བཤད་གནང་།

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཨ་བར་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས་10ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་འདུར་ཕེབས་ནས་གཏམ་བཤད་གནང་།
     ཝང་ཆི་ཧྲན་གྱིས། ལོ་40སྔོན་ལ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་བསྟུན་ཞིང་། ཐུན་མོང་མ་ཡིན་པའི་འཐབ་ཇུས་མིག་རྒྱང་དང་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཀྲུང་ཨ་བར་འབྲེལ་བ་འཛུགས་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་ཏེ། ཀྲུང་ཨའི་འབྲེལ་བ་གསར་པ་ཞིག་གི་འགོ་བརྩམས་པ་རེད། ལོ་40ལ་ཕྱིར་མིག་ཅིག་བལྟས་ན། ཀྲུང་ཨའི་འབྲེལ་བར་དཀའ་ངལ་མང་པོ་ཞིག་དང་འཕྲད་ནའང་མདུན་ནས་མདུན་དུ་བསྐྱོད་པས། དེ་དུས་ཀྱི་མི་རྣམས་ཀྱིས་བསམ་ཚོད་བྱེད་དཀའ་བའི་གྲུབ་འབྲས་འཐོབ་ཡོད་ཅིང་། དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་སྤྲད་ཡོད་པ་མ་ཟད། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལའང་ནུས་ལྡན་གྱིས་སྐུལ་འདེད་བྱས་ཡོད་པ་རེད་ཅེས་གསུངས། 
     ཝང་ཆི་ཧྲན་གྱིས། ཉེ་ཆར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐེ་རོན་ཕུ་ཙུང་ཐུང་གཉིས་མཇལ་འཕྲད་ལེགས་གྲུབ་བྱུང་ལ་ཕན་ཚུན་བར་ཞལ་པར་གཏོང་ལེན་བྱས་ཡོད་པ་མ་ཟད། ཀྲུང་ཨའི་བར་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་གྱི་འཕྲིན་ཡིག་ཕུལ་རེས་བྱས་ནས་ལོ་40རིང་ལ་ཀྲུང་ཨ་བར་གྱི་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ལ་གདེང་འཇོག་མཐོན་པོ་བྱས་ཡོད་པས། ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བ་སྔར་ལས་གོང་དུ་སྤེལ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། ཕྱོགས་གཉིས་པོས་དུས་དང་རྣམ་པ་ཀུན་དུ་ཀྲུང་ཨའི་བར་འབྲེལ་བ་འཛུགས་པའི་ཐོག་མའི་རེ་བསམ་ཡིད་ལ་དམ་པོར་འཛིན་དགོས་ལ། མཐུན་སྦྱོར་དང་མཉམ་ལས། བརྟན་ལྷིང་གི་གཞི་གདངས་རྒྱུན་འཁྱོངས་བྱས་ནས། སྔར་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་དགོས་ཤིང་། ཕན་ཚུན་བརྩི་འཇོག་དང་མཐུན་པ་འཚོལ་ཞིང་མི་མཐུན་པ་སོར་འཇོག་བྱེད་དགོས་པ་དང་། ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་གི་ལྟ་བ་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས། ཕན་ཚུན་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས་པ་དང་། གྲོས་མོལ་བརྒྱུད་ནས་འགལ་བ་ཐག་གཅོད་འོས་འཚམ་དང་འགལ་བ་དོ་དམ་ཚོད་འཛིན་བྱེད་དགོས། དངོས་ཡོད་གནས་ཚུལ་གསར་པ་དང་བསྟུན་དགོས་ཤིང་། རྒྱུན་ཆད་མེད་པར་ཁེ་ཕན་གྱི་འདུ་གནས་འཚོལ་ཞིབ་བྱེད་པ་དང་དེ་ཆེ་རུ་གཏོང་དགོས་ལ། དངོས་གཉེར་མཉམ་ལས་ཟབ་སྤེལ་དང་སྐུལ་སྤེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་མང་བའི་ཐོབ་པའི་ཚོར་བ་ཡོད་དུ་འཇུག་དགོས། སྒོ་འབྱེད་པའི་བློ་རྒྱ་འཛིན་དགོས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་བ་ལ་བསྟུན་ནས། ལས་རིགས་ཁག་གི་འབྲེལ་འདྲིས་རྒྱ་བསྐྱེད་པར་སྐུལ་འདེད་ཧུར་ཐག་སྒོས་ཀྲུང་ཨའི་འབྲེལ་བའི་དམངས་སེམས་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད། 
     ཝང་ཆི་ཧྲན་གྱིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་རེད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ནའང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་ཡིན་ལ། ཏན་ཏན་ཏིག་ཏིག་གིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས། ཀྲུང་གོའི་མི་དམངས་ལ་འཚོ་བ་སྔར་ལས་ལེགས་པོ་རོལ་དུ་འཇུག་རྒྱུ་ཡིན་ཞེས་བསྟན་པ་དང་། ཀྲུང་གོའི་སྒྱུར་བཅོས་ཀྱི་གོམ་སྟབས་མཚམས་འཇོག་མི་སྲིད་ལ།  སྒོ་དབྱེ་བའི་སྒོ་ཆེན་ཡང་ཇེ་ཆེ་ཡིན། ང་ཚོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ལེགས་སྐྱེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བཅས་བྱ་རྒྱུ་ཡིན་ལ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཨ་རི་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ཁྲོད་ནས་གོ་སྐབས་དང་ཁེ་ཕན་སྔར་ལས་ཆེན་པོ་འཐོབ་ངེས་ཡིན་ཞེས་བསྟན་ཡོད།
     ཨ་རིའི་ཙུང་ཐུང་ཟུར་པ་ཁཱ་ཐེའེ་ཡིས་བསྐུར་ཡོང་པའི་རྟེན་འབྲེལ་ཞུ་ཡིག་ནང་། དུས་སྐབས་གསར་པའི་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཛུགས་མཁན་གྱིས་ངེས་པར་དུ་ཐུན་མོང་མ་ཡིན་པའི་མཐོང་རྒྱ་དང་བློ་སྟོབས། གསར་གཏོད་ཀྱི་སྙིང་སྟོབས་བཅས་ཀྱིས་ཉམས་སད་དང་གོ་སྐབས་ལ་ཁ་གཏད་འཇལ་དགོས་པ་དང་། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་དུ་འབྱུང་འགྱུར་གཏོད་དགོས་ཤིང་། རྒྱལ་ཁབ་གཉིས་པོའི་མི་དམངས་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན་ཡོད། 
     ཀྲུང་གོར་སྡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་པུའུ་ལན་སི་ཐ་ཏེ་དང་། ཀྲུང་གོ་དང་ཨ་རིའི་ལས་རིགས་ཁག་གི་མི་སྣ་300 ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།

  
style="display:none;"