འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅།།ཧན་ཀྲེང་གིས་སྨན་བཅོལ་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་ཁག་ཐེག་དང་། ལམ་ལུགས་འདྲ་མཉམ་རྒྱུན་མཐུད་
ཡོང་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས་
ཞེས་གསུངས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།ཧན་ཀྲེང་གིས་སྨན་བཅོལ་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་ཁག་ཐེག་དང་། ལམ་ལུགས་འདྲ་མཉམ་རྒྱུན་མཐུད་
ཡོང་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས་
ཞེས་གསུངས།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་སྨན་བཅོས་འགན་སྲུང་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྨན་བཅོས་ལས་དོན་གྱི་གོ་རིམ་རྗེས་མར་ཞིབ་འཇུག་དང་བཀོད་སྒྲིག་བྱ་དགོས། 
     ཧན་ཀྲེང་གིས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བཙུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐག་བཅད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་འགན་འཁྲི་དང་འོས་འགན་གྱི་འདུ་ཤེས་ཇེ་མཐོར་གཏོང་དགོས་པ་དང་། ལས་ཁུངས་སྒྱུར་བཅོས་བྱེད་པའི་གོ་སྐབས་དམ་དུ་བཟུང་སྟེ། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་གཞི་ལྕི་རིགས་ཀྱི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྨན་བཅོས་འགན་བཅོལ་ཐེབས་རྩ་ལ་ལྟ་སྐུལ་ནན་མོ་བྱེད་དགོས་པ་དང་། གཅིག་གྱུར་ངང་ལས་སྒྲུབ་དོ་དམ་དང་ཞབས་ཞུའི་ལས་ཀ་ཡག་པོ་བསྒྲུབས་ནས། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་འགན་སྲུང་དང་། ལམ་ལུགས་འདྲ་མཉམ་རྒྱུན་མཐུད་ཡོང་བར་སྐུལ་འདེད་བཏང་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་པ་བསྟན།
     ཧན་ཀྲེང་གིས། སྨན་བཅོས་འགན་བཅོལ་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི“སྲོག་སྐྱོབ་དངུལ”ཡིན་པས། གཡོ་སྒྱུ་ཁྲམ་གསུམ་གྱིས་འགན་སྲུང་མ་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་དགོས་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་མགྱོགས་པོར་འཛུགས་དགོས་པ། གཞི་རྩའི་འགན་སྲུང་རྒྱུན་སྲུང་དང་། སྨན་བཅོས་འགན་བཅོལ་ཐོབ་ཐང་གི་རྩིས་ཁྲའི་ལམ་ལུགས་མགྱོགས་པོར་བཙུགས་ནས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་མ་དངུལ་བསྡུ་རུབ་ལམ་ལུགས་འཐུས་ཚང་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་དུས་ཡུན་རིང་པོར་བརྟན་བརླིང་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པའི་རྨང་གཞི་བརྟན་པོ་བཟོ་དགོས། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བཀོལ་སྤྱོད་བྱེད་པའི་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབས་ཏེ། མང་ཚོགས་ཀྱི་སྨན་རིན་གྱི་གནོན་ཤུགས་ཇེ་ཡང་དུ་གཏོང་དགོས། སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས་པ་དང་། འགན་སྲུང་གི་གཙོ་གནད་འབུར་དུ་བཏོན་ཏེ་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་སྨན་ཡག་པོ་མང་པོ་སྨན་བཅོས་འགན་སྲུང་ནང་འཇུག་དགོས། སྨན་བཅོས་འགན་བཅོལ་གྱི་རིན་སྤྲོད་ཐབས་ལམ་ལ་སྒྱུར་བཅོས་གཏིང་ཟབ་བྱས་ནས། སྨན་བཅོས་ཞབས་ཞུ་དང་སྨན་རྫས་ཁྲོམ་ར་སྐྱོན་བྲལ་ངང་གོང་དུ་འཕེལ་བའི་སྣེ་ཁྲིད་ནུས་པ་ཡག་པོ་འདོན་དགོས། 
 ཚད་གཞི་མཐོན་པོའི་ངང་ནས་རྒྱལ་ཡོངས་སུ་གཅིག་གྱུར་དང་། ནུས་མཐོ། གཅིག་འདུས། སྟབས་བདེ་ཡིན་པའི་ཆ་འཕྲིན་མ་ལག་འཛུགས་པ་དང་། སྨན་བཅོས་འགན་སྲུང་འཁོར་སྐྱོད་དང་དོ་དམ། ཞབས་ཞུའི་ཆ་འཕྲིན་ཅན་གྱི་རྒྱབ་བརྟེན་ནུས་པ་ཇེ་མཐོར་གཏོང་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཡག་པོ་བྱེད་པ་དང་། མ་ལག་གསར་པ་དང་རྣམ་པ་གསར་པ་འཛུགས་དགོས་ཞེས་ནན་གྱིས་གསུངས་ཡོད།