འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅༎ཀྲུང་གོ་འདི་ཉིད་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲེ་ལན་ཀྲོའུ་རུ་ཡོང་མཁན་རྒྱལ་སྤྱིའི་
ཡུལ་སྐོར་བ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲེ་ལན་ཀྲོའུ་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། 2018ལོའི་ཟླ་9པའི་བར་གྱི་ལོ་གཅིག་གི་རིང་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་50.2ཆུ་འོག་བཙན་རྫོང་ལྟ་བུའི་མཚོ་གླེ་མང་པོ་ཡོད་པའི་དབང་གིས་སྐད་གྲགས་ཆོད་པའི་ཁུན་ཧྲེ་ལན་ཀྲོའུ་རུ་ཡོང་བས། ཀྲུང་གོ་འདི་ཉིད་ལོ་གསུམ་བསྟུད་མར་ཀྲོའུ་དེར་ཡུལ་སྐོར་དུ་ཡོང་མཁན་རྒྱལ་སྤྱིའི་ཡུལ་སྐོར་བ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།
     གྲངས་གཞི་ལས་མངོན་པར་ལོ་དེའི་ནང་ཀྲུང་གོའི་ཡུལ་སྐོར་བས་ཁུན་ཧྲེ་ལན་ཀྲོའུ་རུ་འཛད་སྤྱོད་ཀྱི་ཟིན་ཐོ་གསར་པ་བཏོད་ནས་ཨོ་སྒོར་དུང་ཕྱུར་14(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་68དང་མཚུངས་པ)ཟིན་ཏེ་དུས་མཚུངས་ལས་33%འཕར་ཡོད།
     གཞན་ཡང་ཨོ་སི་ཁྲུ་ལི་ཡའི་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། 2018ལོའི་ཟླ་གཉིས་པ་བར་གྱི་ལོ་གཅིག་རིང་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་139ཨོ་སི་ཁྲུ་ལི་ཡར་བསྐྱོད་པ་དེ་དུས་མཚུངས་ལས་13.2%འཕར་ཡོད། ད་ཆ་ཀྲུང་གོའི་ཡུལ་སྐོར་བ་ནེའུ་ཙི་ལན་གྱི་ཡུལ་སྐོར་བ་ལས་བརྒལ་ཏེ་ཨོ་སི་ཁྲུ་ལི་ཡར་ཡུལ་སྐོར་བྱེད་མཁན་རྒྱལ་སྤྱིའི་ཡུལ་སྐོར་བ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།