མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཨ་རིའི་སྐུ་མགྲོན་དང་ཐུག་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་10ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ལི་ཁེ་ཆང་གིས་ཨ་རིའི་སྐུ་མགྲོན་དང་ཐུག་འཕྲད་གནང་བ།

     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་1ཚེས་9ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧའེ་ཙི་ཀོང་ཁང་དུ་ཨ་རིའི་ཐེ་སི་ལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པོ་མཱ་སི་ཁེ་དང་ཐུག་འཕྲད་གནང་བ་རེད། ལི་ཁེ་ཆང་གིས་ཉེ་ཆར་ཐེ་སི་ལ་ཧྲང་ཧའེ་ཡི་བཟོ་གྲྭ་འཛུགས་འགོ་བཙུགས་པར་རྟེན་འབྲེལ་ཞུས་པ་དང། ཁོང་གིས། འདི་ནི་ཀྲུང་གོའི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་ཁྱབ་ཁོངས་སུ་ཕྱི་ཕྱོགས་ལ་མ་རྩ་འཇོག་རྒྱུའི་བསྡུར་གྲངས་སྒོ་འབྱེད་བྱས་རྗེས་ཕྱི་རྒྱལ་ཚོང་པས་མ་རྩ་ཁེར་འཇོག་བྱེད་པའི་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། ཐེ་སི་ལ་ཀུང་སི་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པའི་ནང་ཞུགས་མཁན་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་གཏོང་བའི་སྐུལ་འདེད་བྱེད་མཁན་དུ་འགྱུར་བའི་རེ་བ་ཡོད་ཅེས་བསྟན། 
ལི་ཁེ་ཆང་གིས་ནུས་ཁུངས་གསར་པའི་རླངས་འཁོར་གྱི་ཐོན་ལས་འཕེལ་རྒྱས་དང་། རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་དང་མི་ཆོས་མཉམ་ལས་མཐུན་སྦྱོར་གསར་གཏོད་སོགས་ཐད་ཀྱི་གྲོས་གཞིའི་སྐོར་ལ་མཱ་སི་ཁེ་དང་བགྲོ་གླེང་གཏིང་ཟབ་བྱས་ཤིང་། ཁོང་གིས། ཀྲུང་གོ་ནི་ད་དུང་དུས་ཡུན་རིང་པོའི་ནང་ཕྱི་རྒྱལ་གྱི་ཚོང་པས་མ་རྩ་འཇོག་ཡུལ་གལ་ཆེན་ཞིག་ཡིན་སྲིད་པས། རྒྱལ་ཁབ་སོ་སོའི་ཁེ་ལས་པས་ཀྲུང་གོ་ལ་མ་འཇོག་དང་མཉམ་ལས་ཐད་རྒྱ་བསྐྱེད་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་པ་བསྟན། 
    མཱ་སི་ཁེ་ཡིས། ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོས་ཚད་དང་ལས་ཆོད་ཡིས་མི་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་དང་། དུས་ཡུན་ཐུང་ཐུང་འདི་འདྲའི་ནང་རླངས་འཁོར་བཟོ་གྲྭ་འཛུགས་པའི་ལས་རིམ་ཚང་མ་ལེགས་འགྲུབ་བྱུང་བ་ནི་བློ་ཡུལ་འདས་པ་ཞིག་རེད། ཐེ་སི་ལ་ཀུང་སི་ཡིས་ཧྲང་ཧའེ་བཟོ་གྲྭ་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་བཟོ་གྲྭའི་ནང་གསེས་གཅིག་ཏུ་བསྐྲུན་རྒྱུར་འབད་པ་བྱ་རྒྱུ་དང་། དུས་མཉམ་དུ་ཀྲུང་གོའི་ཁྲོམ་རའི་དགོས་མཁོ་ལྟར་ཐོན་རྫས་ཡུལ་དུས་དང་མཐུན་པ་བྱས་ནས་ཕན་ཚུན་གཉིས་ཀར་ཕན་ཐོགས་ལེགས་པོ་ཡོང་བར་བྱ་རྒྱུ་བསྟན། 

  
style="display:none;"